分享按钮

འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་བཏོད་དེ་རྨང་གཞི་བརྟན་དུ་བཏང་། མཛེས་སྡུག་ལྡན་པའི་ལྷ་སའི་རྣམ་པ་གསར་པ་ཧུར་ཐག་བཏོད།

​ ལྷ་ས་གྲོང་ཁྱེར་གྱི་ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་སྤྱོད་ཀྱི་འཆར་གཞིའི་རྒྱས་བཤད།

ལོ་ལྔ་ཚན་བཅོ་ལྔ་པའི་རིང་ནི་ལྷ་སས་རྒྱལ་ཡོངས་དང་ལྗོངས་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་ཡིན། དུས་བབ་གསར་པ་དང་བླང་བྱ་གསར་པའི་མདུན་དུ་ལྷ་ས་གྲོང་ཁྱེར་གྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་འགག་སྒྲོལ་དུས་མཚམས་སུ་སླེབས་པས། འབྱུང་ཁམས་སྲུང་སྐྱོང་དང་སླར་གསོའི་ལས་འགན་ཧ་ཅང་ལྕི་པོ་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཡིད་ཆེས་བརྟན་དུ་གཏོང་བ་དང་། རང་འགུལ་ངང་ཁ་གཏད་གཅོག་པ། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ། ནུས་ཤུགས་ཡོད་རྒུས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ། འབྱུང་ཁམས་ཤེས་དཔལ་གྱི་ས་མཐོའི་སྣེ་ཁྲིད་ཁུལ་གཏོད་པ་བཅས་ནི་དེའི་ལྟེ་བའི་འཐབ་ཇུས་ཀྱི་གྲས་ཤིག་ཡིན།

ཉེ་ཆར། 《ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ལྷ་ས་གྲོང་ཨུད་ཀྱི་གྲོས་འཆར》(གཤམ་དུ་གྲོང་ཨུད་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གྲོས་འཆར་ཞེས་བསྡུ་རྒྱུ)ནང་གི་མཛེས་སྡུག་ལྡན་པའི་ལྷ་ས་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་དམིགས་ཚད་གཙོ་བོ་དང་། སྤྱིའི་བསམ་གཞི། འགག་རྩའི་བྱ་ཐབས་བཅས་ལ་དམིགས་ནས་གསར་འགོད་པས་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུད་ཀྲང་གཞོན་པ་བདེ་ཆེན་སྒྲོལ་དཀར་ལ་ཆེད་དོན་བཅར་འདྲི་ཞུས་པ་ཡིན། ཁོང་གིས་ལྷ་ས་གྲོང་ཁྱེར་གྱི་ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་བྱ་སྤྱོད་འཆར་གཞིར་རྒྱས་བཤད་ཞིབ་ཕྲ་གནང་བ་རེད།

བདེ་ཆེན་སྒྲོལ་དཀར་གྱིས་ངོ་སྤྲོད་གནང་དོན། ལོ་ལྔ་ཚན་བཅོ་ལྔ་པའི་རིང་། ལྷ་ས་གྲོང་ཁྱེར་གྱིས་དོན་དངོས་ལ་གཞི་ཚུགས་ཏེ། སྣེ་ཁྲིད་ཨང་དང་པོ་དང་ས་ཁོངས་མཐུན་སྦྱོར་ལ་སྐུལ་འདེད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཟུང་འབྲེལ། འབྱུང་ཁམས་སྲུང་སྐྱོང་དང་རིན་ཐང་གཞན་སྒྱུར་ཕན་ཚུན་མཉམ་འདྲེས། སྒྱུར་བཅོས་གསར་གཏོད་དང་སྒོ་དབྱེའི་སྣེ་ཁྲིད་ཕན་ཚུན་མཐུན་སྦྱོར། དམངས་འཚོ་མཉམ་སྤྱོད་དང་མིའི་འཕེལ་རྒྱས་ཕན་ཚུན་གཅིག་གྱུར་བཅས་ཀྱི་ཆ་ལྔའི་འབྲེལ་བ་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱ་རྒྱུ་ཡིན་པ་དང་། དེའི་རྨང་གཞིའི་ཐོག་གྲོང་ཁྱེར་གཅིག་དང་གླིང་གསུམ་གྱི་འཐབ་ཇུས་ངེས་གནས་ནུས་ཤུགས་ཡོད་རྒུས་བཏོད་དེ། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྣེ་ཁྲིད་བྱ་རྒྱུ་རེད།

འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་གཏོད་རྒྱུ་ནི་རྩ་བའི་རྩ་དོན་ཡིན། ལྷ་སས་བརྒྱུད་རིམ་ལྡན་པའི་བསམ་གཞིགས་ལ་བརྟེན་ནས་འབྱུང་ཁམས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། མཛེས་སྡུག་ལྡན་པའི་དཔལ་འབྱོར་དང་། མཛེས་སྡུག་ལྡན་པའི་གྲོང་ཁྱེར། མཛེས་སྡུག་ལྡན་པའི་གྲོང་གསེབ། མཛེས་སྡུག་ལྡན་པའི་གཙང་པོ་དང་མཚེའུ། མཛེས་སྡུག་ལྡན་པའི་རི་ཀླུང་། མཛེས་སྡུག་ལྡན་པའི་འདམ་ར་བཅས་ཀྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ལྟེ་བའི་ལས་འགན་ནི་སྲུང་སྐྱོང་ནུས་ལྡན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག འབྱུང་ཁམས་རིན་ཐང་གཞན་སྒྱུར་གྱི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱས་ནས། མཐར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་གཅིག་གྱུར་ཡོང་བར་བྱས་ཏེ། གངས་ལྗོངས་ས་མཐོར་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱ་རྒྱུར་དཔེ་སྟོན་སྣེ་ཁྲིད་བྱ་རྒྱུ་དེ་རེད།

བདེ་ཆེན་སྒྲོལ་དཀར་གྱིས་ངོ་སྤྲོད་གནང་དོན། ལོ་ལྔ་ཚན་བཅོ་ལྔ་པའི་རིང་། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱིས་གྲོང་ཨུད་ཀྱི་ལོ་ལྔ་ཚན་བཅུ་པའི་འཆར་འགོད་གྲོས་འགོ་རྩ་འཛིན་དུ་བྱས་ཏེ། རི་བོ་གཉིས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་བ་དང་།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-02-28 ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ། ལྷ་མོ་ཚེ་རིང་། ​ ལྷ་ས་གྲོང་ཁྱེར་གྱི་ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་སྤྱོད་ཀྱི་འཆར་གཞིའི་རྒྱས་བཤད། 6 6 拉萨日报藏文 c217611.html 1 འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་བཏོད་དེ་རྨང་གཞི་བརྟན་དུ་བཏང་། མཛེས་སྡུག་ལྡན་པའི་ལྷ་སའི་རྣམ་པ་གསར་པ་ཧུར་ཐག་བཏོད། /enpproperty-->