分享按钮

ཝང་ཆང་གིས་རྣམ་གྲངས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཁེ་ལས་ཐོན་སྐྱེད་སླར་གསོ་ཁྲོམ་ར་འཁོར་རྒྱུག་བཅས་ཀྱི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་2ཚེས་25ཉིན།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གཙོ་གནད་རྣམ་གྲངས་ཀྱི་ཡུལ་དངོས་དང་།ཐོན་སྐྱེད་ཁེ་ལས།སྒོ་རྩིས་ཚོང་ཁང་སོགས་སུ་ཕེབས་ཏེ།ཡུལ་དངོས་སུ་རྣམ་གྲངས་ཀྱི་ལས་འགོ་བསྐྱར་འཛུགས་དང་།ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ།ཁྲོམ་ར་འཁོར་རྒྱུག་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་།ཁོང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ།ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་།འགོ་འཛུགས་མ་ཐག་མཐའ་མའི་གདོང་མཆོང་དང་འགོ་འཛུགས་མ་ཐག་སྔོན་ཐོན་བརྩོན་ལེན་བྱེད་པའི་རྣམ་འགྱུར་གྱི་ཐོག་ནས་རྣམ་གྲངས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་།ཁེ་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-02-28 6 6 拉萨日报藏文 c217610.html 1 ཝང་ཆང་གིས་རྣམ་གྲངས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཁེ་ལས་ཐོན་སྐྱེད་སླར་གསོ་ཁྲོམ་ར་འཁོར་རྒྱུག་བཅས་ཀྱི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ། /enpproperty-->