分享按钮

ཆུ་ཤུར་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་གི་གོམ་སྟབས་བཞི་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་བཏོད་པ།

(པར་ངོས་གཉིས་པར་མཐུད)འདུམ་འགྲིག་ལེགས་གྲུབ་བྱུང་ཚད་བརྒྱ་ཆ་95.1ཟིན་པའི་ནང་རྒན་རྒོན་འདུམ་འགྲིག་ཚོགས་པས་མི་ལ་རྒྱུས་མངའ་ཆེ་བ་དང་།ས་ཆར་རྒྱུས་མངའ་ཆེ་བ། དོན་དག་ལ་རྒྱུས་མངའ་ཆེ་བ་བཅས་ཀྱི་ལེགས་ཆར་བརྟེན་ནས་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད། གྲོང་རྡལ་དང་། གྲོང་ཚོ། དྲ་མིག་བཅས་རིམ་པ་གསུམ་གྱི་དམངས་འདོད་ཐག་གཅོད་ཀྱི་གདུབ་ཟུམ་ལེགས་འགྱུར་བྱས་ནས་དོན་དག་ཚང་མར་ལན་ཡོད་པའི་འགན་ལེན་བྱས་པ་རེད།

ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་སྣ་མང་ཐེ་ཞུགས་ཀྱི་རྣམ་པ་བཏོད་ཡོད།ཆུ་ཤུར་གྲོང་རྡལ་ཏང་ཨུད་ཀྱིས་ནུས་ཆེའི་ངང་ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། ནང་ཁུལ་དུ་ཕྱོགས་བསྡུས་བཅོས་སྐྱོང་དང་། ཁྲིམས་འཛིན། སྤྱི་བདེ།དམངས་སྲིད་སོགས་ཚན་ཁག་མང་པོ་མཉམ་དུ་ལས་དོན་བསྒྲུབས་ནས་ལོ་ཧྲིལ་པོར་མ་དངུལ་སྒོར་ཁྲི་47ལྷག་ཙམ་བཏང་ནས་དམངས་འཚོའི་བྱ་བ་དངོས་ཐག་གཅོད་བྱས་ཡོད།ཕྱི་ཕྱོགས་ནས་དགུང་སྔོན་སྤྱི་ཚོགས་ལས་དོན་སོགས་སྤྱི་ཚོགས་ཀྱི་རྩ་འཛུགས་དང་ཁེ་ལས་ཀྱི་ཐོན་ཁུངས་ནང་འདྲེན་བྱས་ཏེ།རྒན་རྒོན་གྱི་བཀྲག་གདངས་གངས་ལྗོངས་ས་མཐོར་ཁྱབ་པ་ཞེས་པ་སོགས་ཀྱི་སྤུས་རྟགས་བྱེད་སྒོ་མཉམ་དུ་སྤེལ་ནས་རྒན་རྒོན་མི་ཐེངས་110ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད་པ་རེད།

ཆུ་ཤུར་གྲོང་རྡལ་གྱིས་མ་ལག་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གོམ་སྟབས་བཞི་ཡི་ལག་ལེན་བརྒྱུད་ཏང་རྩ་འཛུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་ནུས་ལྡན་ངང་བསྒྱུར་ནས་གཞི་རིམ་བཅོས་སྐྱོང་དེ་དོ་དམ་རྐྱང་པ་ནས་སྣ་མང་མཉམ་བཅོས་དང་རགས་ལས་རྣམ་པ་ནས་ཞིབ་ཚགས་ཅན་གྱི་འགྱུར་ལྡོག་གཏིང་ཟབ་བར་སྐུལ་འདེད་བཏང་སྟེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུར་རིན་ཐང་ལྡན་པའི་ཆུ་ཤུར་གྱི་ཉམས་མྱོང་མཁོ་འདོན་བྱས་ཡོད། (ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-01-07 6 6 拉萨日报藏文 c214919.html 1 ཆུ་ཤུར་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་གི་གོམ་སྟབས་བཞི་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་བཏོད་པ། /enpproperty-->