ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་5ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་མཁན་གྱི་ཨིར་ལན་གྱི་སྲིད་བློན་མ་ཏིང་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨིར་ལན་གཉིས་ཀ་ཞི་བདེ་དང་། སྒོ་དབྱེ་བསྟུན་མཁས། རང་ཚུགས་ཡར་བརྩོན་བཅས་ལ་དགའ་པོ་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་འཐབ་རྩོད་བྱས་པ་བརྒྱུད་རྒྱལ་ཁབ་ཀྱི་རང་བཙན་དང་མི་རིགས་བཅིངས་འགྲོལ་ཐོབ་པ་དང་མི་རབས་ཁ་ཤས་ཀྱི་རྒྱུན་མཐུད་འབད་འཐབ་ལ་བརྟེན་ནས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་ཡོད། 2012ལོར་རྒྱལ་ཁབ་གཉིས་དབར་གཉིས་ཕན་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན། ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ལྡབ་གཉིས་འཕར་བ་དང་། ཕན་ཚུན་མ་འཇོག་དོ་སྙོམས་ངང་འཕེལ་རྒྱས་ཕྱིན་པ། རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་རོགས་རམ་བྱེད་པ་དང་རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་ཡོད། ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་ནི་ཀྲུང་ཨིར་འབྲེལ་བ་ཡུན་རིང་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་རྩ་ཆེའི་ཉམས་མྱོང་ཞིག་ཡིན་པས་ཕྱོཊ་གཉིས་པོས་ཐུན་མོང་ཐོག་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社