分享按钮

ཞི་ཅིན་ཕིང་གིས་ལྷོ་ཁོ་རེ་ཡའི་སྲིད་འཛིན་ལི་ཙའེ་མིང་དང་མཇལ་མོལ་གནང་བ།

ཟླ་1ཚེས་5ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ལྷོ་ཁོ་རེ་ཡའི་སྲིད་འཛིན་ལི་ཙའེ་མིང་དང་མཇལ་མོལ་གནང་ཞིང་།པར་འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ལི་ཙའེ་མིང་དང་སྐུ་ཟླ་ཅིན་ཧུའེ་ཅིང་དང་ལྷན་དུ་སྐུ་པར་སྐྱོན་བཞིན་པའི་རྣམ་པ་ཡིན།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་5ཉིན་གློག་འཕྲིན་འབྱོར་གསལ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་5ཉིན་གྱི་ཕྱི་དྲོ།པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ལྷོ་ཁོ་རེ་ཡའི་སྲིད་འཛིན་ལི་ཙའེ་མིང་དང་མཇལ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་ལྷོ་ཁོ་རེ་ཡའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ངང་ལོ་གསར་གྱི་སྨོན་འདུན་ཞུས་པ་རེད། ཞི་ཅིན་ཕིང་གིས་ང་དང་སྲིད་འཛིན་ལི་ཙའེ་མིང་ངོ་འཕྲད་ཐེངས་གཉིས་བྱུང་བ་དང་འབྲེལ་ཕན་ཚུན་འཚམས་འདྲི་ཡང་བྱས་པ་དེའི་ཐོག་ནས་ཕྱོགས་གཉིས་པོས་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འབྲེལ་བར་མཐོང་ཆེན་བྱེད་ལུགས་མཚོན་ཡོད། གྲོགས་པོ་དང་ཁྱིམ་མཚེས་ཡིན་པའི་ཀྲུང་གོ་དང་ལྷོ་ཁོ་རེ་ཡ་དབར་འགྲོ་འོང་མང་ཙམ་དང་། སྤེལ་རེས་མང་ཙམ། འབྲེལ་གཏུགས་ཧུར་ཐག་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འབྲེལ་བ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་གནས་བབ་གལ་ཆེན་ཐོག་བཞག་ནས་ལྷོ་ཁོ་རེ་ཡའི་སྲིད་ཇུས་ལ་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཁོ་རེ་ཡ་ཕྱོགས་དང་མཉམ་དུ་མཛའ་གྲོགས་མཉམ་ལས་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ་དང་། གཉིས་ཁེ་གཉིས་ཕན་གྱི་དམིགས་ཡུལ་མཐའ་འཁྱོངས་བྱེད་པ། ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྐྱོན་བྲལ་གྱི་ལམ་བུའི་ཐོག་སྐྱོད་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་ས་ཁུལ་དང་ཐ་ན་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཆེད་ནུས་པ་ཆེན་པོ་འདོན་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལྷོ་ཁོ་རེ་ཡ་རྒྱལ་ཁབ་གཉིས་པོས་དུས་ཡུན་རིང་པོར་འཆམ་མཐུན་གཙིཊ་སུ་འཛིན་པ་དང་། བསྟུན་ཀྱང་གཅིག་མཚུངས་མི་བྱེད་གཉིས་རྒྱུན་འཁྱོངས་བྱས་པས། སྤྱི་ཚོཊ་ཀྱི་ལམ་ལུགས་དང་འདུ་ཤེས་འཛིན་སྟངས་ཀྱི་ཁྱད་པར་ལས་བརྒལ་ཏེ་ཕན་ཚུན་ཕན་པ་འདོཊ་རེས་དང་ཐུན་མོང་གོང་འཕེལ་བྱུང་ཡོད། ཕྱོགས་གཉིས་ཀྱིས་ཕུལ་བྱུང་གི་སྲོལ་རྒྱུན་འདི་རྒྱུན་འཛིན་ཡག་པོ་བྱས་ཏེ་ཕན་ཚུན་དབར་གྱི་ཡིད་ཆེས་ཟབ་ཏུ་གཏོང་བ་དང་།རང་སོ་སོས་བདམས་པའི་གོང་འཕེལ་གྱི་ལམ་བུར་བརྩི་འཇོག ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་གཞི་གལ་ཆེན་ལ་ལྟ་རྟོག སྤེལ་རེས་གྲོས་མོལ་བརྒྱུད་འགལ་ཟླ་ཐག་གཅོད་འོས་འཚམ་བཅས་བྱེད་དགོས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཀྱི་གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-01-07 6 6 拉萨日报藏文 c214906.html 1 ཞི་ཅིན་ཕིང་གིས་ལྷོ་ཁོ་རེ་ཡའི་སྲིད་འཛིན་ལི་ཙའེ་མིང་དང་མཇལ་མོལ་གནང་བ། /enpproperty-->