(པར་ངོས་དང་པོར་མཐུད)ལོ་ལྔ་ཚན་བཅོ་ལྔ་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ། འཕེལ་རྒྱས་ཀྱི་འབད་འཐབ་ཁ་ཕྱོགས་དང་སང་ལོའི་ལས་ཀའི་གཙོ་གནད་ཁ་གསལ་བཟོ་བ་བཅས་བྱས་ཏེ་འགོ་ཡག་པོ་འཛུགས་ཐུབ་པར་བྱེད་དགོས། ཐབས་ཇུས་གཏིང་ཟབ་གདིང་བ་དང་དམ་པ་དོན་གཉེར་བྱེད་པ། ཚན་རིག་དང་མཐུན་པ་བཅས་ཀྱི་སྒོ་ནས་སང་ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་ཁག་ལ་ཚད་ལེན་ཞིབ་རྩིས་དང་གཏན་འཁེལ་བྱེད་དགོས་པ་དང་། དགོས་མཁོ་དང་ནུས་པར་ལྟ་རྟོག་བྱེད་པ། འགན་འཁྲི་དང་ཐེག་པ་ཁུར་ལེན་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ནས་རང་གྲོང་གི་ད་ལྟའི་དུས་མཚམས་ཀྱི་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པའི་འགན་ལེན་བྱས་ཏེ་སྟོན་ཕྱོགས་བརྟན་པོ་དང་། ཡར་རྒྱས་ཀྱི་ཁ་ཕྱོགས། སྟོན་ཕྱོགས་ཡག་པོ་བཅས་མངོན་པར་བྱེད་དགོས། ཇུས་ཤུགས་མཉམ་འདོན་དང་བློ་བསྡུས་དགེ་འཚོལ་གྱིས་བསམ་འཆར་དང་གྲོས་འགོ་བཏོན་རིགས་བསྡུ་ལེན་གང་ལེགས་བྱེད་པ་དང་། སྙིགས་དོར་བཅུད་ལེན་དང་ཞིབ་བསྡུར་ཡང་ཡང་བྱས་ཏེ་སྙན་སྒྲོན་དུས་ཐོག་ཏུ་དག་བཅོས་དང་། འཐུས་ཚང་། ཕུན་སུམ་ཚོགས་པོ་ཡོང་བ་བཅས་བྱས་ཏེ་སྙན་སྒྲོན་དེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་གྲོང་ཨུད་ཀྱི་བླང་བྱ་དང་དེ་བས་འཚམ་པ་དང་། ལྷ་སའི་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་མཐུན་པ་བཅས་བྱེད་དགོས།
ཚོགས་འདུའི་ཐོག་བསམ་བློ་ཞིབ་མོ་གཏོང་བ་དང་། བསམ་འཆར་བསྡུ་ལེན། སྙིང་གཏམ་ཤོད་རེས། ལྟ་བསྡུར་ཞིབ་བཤེར། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་སོགས་ཀྱི་ལས་ཀ་ཁག་གཅིག་གྱུར་འཆར་འགོད་བྱས་ཏེ། དམངས་གཙོའི་འཚོ་བའི་ཚོགས་འདུ་སྤུས་ཚད་མཐོ་པོ་དང་ཕན་འབྲས་བཟང་པོ་ཐོན་པར་ཁག་ཐེག་བྱེད་དགོས་པའི་ནན་གསུངས་གནང་ཡོད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社