分享按钮

ལྷ་སའི་སྲོལ་རྒྱུན་གྱོན་ཆས་དང་རིག་གནས་ཡུལ་སྐོར་ཚད་ལྡན་དུ་བཏང་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲོང་ཁྱེར་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་16ཉིན། གྲོང་ཁྱེར་སྲིད་གྲོས་ཀྱིས་སྔོན་གྱི་བརྟག་དཔྱད་ཞིབ་འཇུག་གི་རྨང་གཞིའི་ཐོག་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་ཁག་གཅིག་སྒྲིག་འཛུགས་བྱས་ཏེ་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་ལས་རིགས་ཀྱི་འཐུས་མི་གདན་འདྲེན་ཞུས་ནས་ལྷ་སའི་སྲོལ་རྒྱུན་གྱོན་ཆས་དང་རིག་གནས་ཡུལ་སྐོར་ཚད་ལྡན་དུ་བཏང་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། གནད་དོན་ལ་དམིཊ་ནས་སྤེལ་རེས་དང་གྲོས་བསྡུར་བྱས་ཤིང་།ཐབས་འདོན་ཇུས་འབུལ་བྱས་ཏེ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་རོགས་རམ་བྱ་རྒྱུ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུང་ལིའུ་ཀྲུའུ་ཡིས་ལྷ་སའི་སྲོལ་རྒྱུན་གྱོན་ཆས་དང་རིག་གནས་ཡུལ་སྐོར་བེད་སྤྱོད་ཚད་ལྡན་དུ་བཏང་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་བརྟག་དཔྱད་ཞིབ་འཇུག་གི་གནས་ཚུལ་གཙོ་སྐྱོང་གནང་བ་དང་འབྲེལ་བརྡ་ཁྱབ་བཏང་བ་རེད།

ཚོགས་འདུའི་ཐོག་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་དང་གནའ་གྲོང་དོ་དམ་ཨུ་ལྷན་གྱིས་འབྲེལ་ཡོད་ལས་དོན་སྤེལ་བའི་གནས་ཚུལ་སོ་སོར་བརྡ་ཁྱབ་བཏང་བ་དང་། ཚོགས་ཞུགས་མི་སྣས་རང་ངོས་ཀྱི་ལས་རིགས་ཁྱབ་ཁོངས་དང་ཆེད་ལས་མཐོང་ཚོར་གཞིར་བཟུང་སྟེ་གཙོ་དོན་ལ་ཟུང་འབྲེལ་དམ་ཟབ་བྱས་ནས་རྒྱང་ལྟའི་རང་བཞིན་དང་བེད་སྤྱོད་ཀྱི་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་ཡོད།

སུང་ལིའུ་ཀྲུའུ་ཡིས་གནད་དོན་ཁས་ལེན་བྱས་ནས་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ནས་གྲུབ་འབྲས་ཀྱི་ཞིབ་ཐོ་བཟོ་དགོས། གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱས་ནས་དང་ལེན་དང་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་དྲུང་ཡིག་ཆེ་མོ་ཙུའུ་ཡུས་མིང་ཚོགས་འདུར་ཞུགས་ཡོད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-18 6 6 拉萨日报藏文 c213915.html 1 ལྷ་སའི་སྲོལ་རྒྱུན་གྱོན་ཆས་དང་རིག་གནས་ཡུལ་སྐོར་ཚད་ལྡན་དུ་བཏང་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲོང་ཁྱེར་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ། /enpproperty-->