分享按钮

(པར་ངོས་དང་པོར་མཐུད)ཉེ་བའི་ལོ་ཤས་རིང་གི་བྱ་འཕུར་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ཐོག སྟག་རྩེ་ཆུས་ཀྱི་ཁྱད་ལྡན་བྱ་འཕུར་རིག་གནས་ཀྱི་IPགསར་པ་བཏོད་ཡོད།

བོད་ལྗོངས་བྱ་འཕུར་མཐུན་ཚོགས་ཀྱི་ཚོགས་གཙོ་དང་བྱ་འཕུར་བཟོ་རྩལ་རྒྱུན་འཛིན་པ་ཚེ་སྒྲོན་གྱིས། བྱེད་སྒོའི་གཙོ་དོན་ནི་བྱ་འཕུར་ཡིན་པ་དང་། དེའི་དམིགས་ཡུལ་ནི་རིག་གནས་དང་ཡུལ་སྐོར་གྱིས་ལུས་རྩལ་ལ་སྐུལ་ཁྲིད་བྱ་རྒྱུ་དེ་རེད། སྤྱིའི་བྱེད་སྒོར་མངོན་མིན་རིག་གནས་ཤུལ་བཞག་གི་བྱ་འཕུར་བཀོད་སྒྲིག་བྱས་ཡོད་པས་མིང་ལ་སྒྱུ་རྩལ་པའི་མིག་ནང་གི་བྱ་འཕུར་ཞེས་བརྗོད་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཉམས་ལེན་ཁང་དང་།ཡུལ་དངོས་སུ་བྱ་འཕུར་བཟོས་པ་དང་འགྲེལ་བཤད་བརྒྱབ་པར་མ་ཟད། ད་དུང་མངོན་མིན་རིག་གནས་ཤུལ་བཞག་གི་རིགས་གཅིག་མཁས་ཅན་དང་དགེ་རྒན་གདན་དྲངས་ནས་ཆེད་དོན་འཆད་ཁྲིད་ཀྱང་བྱས་ཡོད། དེ་དང་ཆབས་ཅིག་ཏུ་བྱ་འཕུར་རིག་གནས་ཀྱི་གསར་གཏོད་ཐོན་རྫས་གྲ་སྒྲིག་བྱས་ཡོད། བྱེད་སྒོ་དེ་ལྟ་བུ་སྤེལ་བ་བརྒྱུད་ཚང་མས་ལྷ་སའི་བྱ་འཕུར་དང་བོད་ལྗོངས་བྱ་འཕུར་གྱི་མངོན་མིན་རིག་གནས་ཤུལ་བཞག་ལ་ཤེས་རྟོགས་གཏིང་ཟབ་ཐུབ་རྒྱུའི་རེ་བ་ཡོད། ཕྱིས་འབྱུང་།

བོད་ལྗོངས་བྱ་འཕུར་མཐུན་ཚོགས་ཀྱིས་སྔར་རྒྱུན་བཞིན་བོད་ལྗོངས་ཀྱི་བྱ་འཕུར་IPསྔར་བས་ཡག་ཏུ་བཏང་ནས་བོད་ལྗོངས་ཀྱི་བྱ་འཕུར་རིག་གནས་དེ་བས་རྒྱ་ཆེ་བའི་གར་སྟེགས་ཐོག་བསྐྱོད་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-09 6 6 拉萨日报藏文 c213339.html 1 /enpproperty-->