分享按钮

ལྷ་ས་གྲོང་ཁྱེར་གྱི་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་གྱི་གཙོ་དོན་མཚོན་རྟགས་བསྡུ་རུབ་བྱས་འབྲས་ཁྱབ་བསྒྲགས་བྱེད་པའི་མཛད་སྒོ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་5ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་གྱི་གཙོ་དོན་མཚོན་རྟཊ་བསྡུ་རུབ་བྱས་འབྲས་ཁྱབ་བསྒྲཊ་བྱེད་པའི་མཛད་སྒོ་དེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་འཚོགས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲེང་ཝུའེ་གོ་དང་། གྲོང་སྤྱི་གཞོན་པ་བློ་བརྟན། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟླ་བ་བཅས་མཛད་སྒོར་ཕེབས་ཡོད།

ཀྲའོ་ཧུའེ་ཉན་གྱིས་ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་གྲུབ་འབྲས་བཟང་པོ་ཐོབ་པའི་ཕུལ་བྱུང་སློབ་མར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་སློབ་གྲོགས་ཚོས་བྱིས་པའི་དྭངས་གཙང་གི་བརྩེ་བར་བརྟེན་ནས་ལྷ་སའི་བརྗིད་ཆགས་དང་མཛེས་སྡུག་ལྡན་པའི་རི་ཀླུང་དང་ཐུན་མོང་མ་ཡིན་པའི་ཉམས་འགྱུར་མཚོན་པར་བྱེད་པ་དང་།གསར་གཏོད་ལ་བརྟེན་ནས་འདྲ་མཉམ་དང་། བརྩི་འཇོག མཉམ་ཞུགས། གཅེས་སྐྱོང་བཅས་ཀྱི་བྱིས་པའི་མཛའ་གྲོགས་འདུ་ཤེས་ཀྱི་ནང་དོན་གཙོ་བོར་གསལ་འགྲེལ་གཏིང་ཟབ་བྱས་ཏེ།དུས་རབས་གསར་པའི་ས་མཐོའི་ལོ་ཆུང་བྱིས་པས་རྒྱལ་ཁབ་བློ་ལ་འཆང་བ་དང་། གསར་གཏོད་བྱེད་ཕོད་པ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱེད་དགོས་ཞེས་གསུངས་པ་རེད།

ཀྲའོ་ཧུའེ་ཉན་གྱིས་བྱིས་པ་ནི་མེས་རྒྱལ་གྱི་མེ་ཏོག་དང་མི་རིཊ་ཀྱི་འབྱུང་འགྱུར་ཡིན་པར་མ་ཟད། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-07 6 6 拉萨日报藏文 c213257.html 1 ལྷ་ས་གྲོང་ཁྱེར་གྱི་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་གྱི་གཙོ་དོན་མཚོན་རྟགས་བསྡུ་རུབ་བྱས་འབྲས་ཁྱབ་བསྒྲགས་བྱེད་པའི་མཛད་སྒོ་འཚོགས་པ། /enpproperty-->