ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱ་ཆེད། ཚེས་4ཉིན་གྱི་ཕྱི་དྲོ། གྲོང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་། གྲོང་ཁྱེར་ཁྲིམས་འཛིན་ཅུས་དང་། གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། ཁྲེང་ཀོན་ཆུས་ཨུད་དྲིལ་བསྒྲགས་པུའུ་བཅས་ཀྱིས་སྒྲུབ་འགན་འཁུར་བའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལྷ་སའི་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས་བྱེད་ཅེས་པའི་ཟླ་རེའི་འཆད་ཁྲིད་དང་ཁྲིམས་ཤེས་པ་དང་ཁྲིམས་སྲུང་བའི་སྒྲོག་འགྲེལ་བྱེད་སྒོ་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་ཡོད།
ད་ཐེངས་ཀྱི་བྱེད་སྒོས་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་གཉིས་པའི་གཙོ་དོན་ལ་དམིགས་ནས།སྒྲོག་འགྲེལ་སློབ་གསོ་དང་རིག་རྩལ་འཁྲབ་སྟོན་སོགས་ཀྱི་རྣམ་པ་སྤྱད་དེ་རྩ་ཁྲིམས་ཀྱི་དགོངས་པ་སྤྱི་ཚོགས་ཀྱི་ཕྱོགས་གང་སར་ཁྱབ་རྒྱུར་སྐུལ་འདེད་བཏང་ཡོད། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社