ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་12ཚེས་2ཉིན།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོཊ་འདུ་གཙོ་སྐྱོང་གནང་ནས་འཚོཊ་ཤིང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་།གྲོང་ཁྱེར་དོ་དམ་དང་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར། འབྱུང་ཁམས་སྲུང་སྐྱོང་གི་ཁ་གསབ། ལམ་སྒྲོན་གསར་བརྗེས་སོཊ་ཀྱི་ལས་དོན་ལ་ཞིབ་འཇུག་གནང་བ་དང་། རྗེས་མའི་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།
ཚོཊ་འདུའི་ཐོག་ནན་གསུངས་གནང་དོན།
ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་བསྲི་ཚཊ་ཀྱིས་འཚོ་བ་སྐྱེལ་བའི་གོམས་གཤིས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་སྒྲུབ་པ། ལམ་ལུཊ་ཀྱི་གཅུན་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གྲོན་ཆུང་བསྲི་ཚགས་ཀྱིས་འཚོ་བ་སྐྱེལ་བའི་བླང་བྱ་དེ་རྒྱུན་གཏན་གྱི་བྱ་སྤྱོད་ཀྱི་ཚད་གཞིར་ཏན་ཏིག་ཏུ་འགྱུར་བར་བྱེད་དགོས། སྔོན་དཔག་གི་དོ་དམ་ལས་དོན་ཡག་པོ་བསྒྲུབས་ནས་བསམ་བློར་བཅིངས་འགྲོལ་དང་། གནས་བབ་དཔྱད་བསྡུར། གནད་སྨིན་ཇུས་བསྟར་བཅས་བྱས་ཏེ། མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ནས་ནོར་སྲིད་ཐོན་ཁུངས་གཅིག་སྡུད་ཐོག་འཕེལ་རྒྱས་དང་དམངས་འཚོའི་ཆེས་འགག་རྩ་དང་ཁ་ཚ་དགོས་གཏུཊ་ཀྱི་ཁྱབ་ཁོངས་སུ་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།
སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ལས་དོན་དོན་འཁྱོལ་ནན་པོ་བྱས་ཏེ་འབྱུང་རྩ་ནས་ཁྲིམས་འགལ་གྱི་ཐབས་ཇུས་བཟོ་རྒྱུ་གཏན་འགོག་བྱས་ནས་སྲིད་འཛིན་བྱ་སྤྱོད་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་དང་། གོ་རིམ་ལུཊ་མཐུན་ཡོང་བའི་འགན་ལེན་བྱེད་དགོས། འབྱུང་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འབྱུང་ཁམས་ཁ་གསབ་ལས་དོན་དེ་ཚན་པའི་ལོ་ཧྲིལ་པོའི་ལས་འགན་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། འགན་འཁྲི་དོན་འཁྱོལ་ལ་ཤུཊ་སྣོན་རྒྱག་པ། ས་ཁོངས་འཚོལ་ཞིབ་གཏིང་ཟབ་བྱེད་པ། ལེ་ལག་ཚང་བའི་སྲིད་ཇུས་ལེགས་སུ་གཏོང་བ་བཅས་བྱས་ནས། འབྱུང་ཁམས་ཤེས་དཔལ་གྱི་ལམ་ལུཊ་གསར་གཏོད་བྱེད་པའི་ཐད་མདུན་གྲལ་དུ་སླེབས་པའི་བརྩོན་ལེན་དང་དཔེ་སྟོན་བྱེད་དགོས།
གྲོང་ཁྱེར་དོ་དམ་གྱི་དཔྱད་ཞིབ་ལམ་སྲོལ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། མང་ཚོཊ་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་པ། ཞིབ་ཚཊ་ཅན་དང་། ལུགས་མཐུན་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ནུས་ཆེ་གཅིག་གྱུར་དང་། འགན་འཁྲི་ཁ་གསལ། འགན་ལེན་ནུས་ལྡན་བཅས་ཀྱི་གྲོང་ཁྱེར་དོ་དམ་ལས་ཀའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས།
གྲོང་ཁྱེར་གྱི་སྤུས་ཚད་དང་དམངས་འཚོའི་དགོས་མཁོ་སྤྱི་འདོམས་ཡག་པོ་བྱེད་པ་དང་། ལམ་སྒྲོན་གསར་བརྗེས་ལས་གྲྭ་བརྟན་པོ་དང་གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་པ། རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། སྤུས་ཚད་མཐོ་བའི་གསར་བརྗེས་དང་། ཆུ་ཚད་མཐོ་བའི་གཉེར་སྐྱོང་། ནུས་ཆེའི་བཅོས་སྒྲིག་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ས་མཐོའི་འཚོ་སྡོད་དང་འཚམ་པའི་གྲོང་ཁྱེར་གསར་པ་ཧུར་ཐག་གཏོད་དགོས།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་ཀྱང་གནང་བ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社