ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལོ་ལྔ་ཚན་བཅུ་བཞི་པ་ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དོན་ཆེན་བཞི་ཞིབ་ཕྲ་ཅན་དང་། རྣམ་གྲངས་ཅན། གཞི་རྟེན་ཅན་བཅས་ལ་བརྟེན་ནས་འཛུཊ་གཏོད་བཞི་དང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དེ་འཆར་འགོད་དོན་འཁྱོལ་བྱེད་པའི་འགག་རྩའི་འདེགས་སྐྱོར་དུ་གྱུར་ཡོད། ཉིན་ཤས་གོང་།ལྷ་ས་གྲོང་ཁྱེར་གྱི་བྱང་སྐོར་ནུབ་སྲིང་ལམ་ཐིག་རྣམ་གྲངས་ལ་འཕེལ་རིམ་ཆེན་པོ་བྱུང་ཡོད་ཅིང་། སྟོད་ལུང་གི་ཕུག་ལམ་དང་པོ། ཕུག་ལམ་གཉིས་པ། ཕུག་ལམ་གསུམ་པ་བཅས་ཚང་མ་ཏལ་འབིགས་ཐུབ་པ་དེའི་ཐོག་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་33.16བཏང་བའི་གཙོ་གནད་ལས་གྲྭ་དེ་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་པ་མཚོན་ཡོད། ཞོགས་པ་ལྷ་སའི་པེ་ཅིང་ལམ་དང་བཅིངས་འགྲོལ་ལམ་སོགས་མ་ལམ་གཙོ་བོའི་ཐོག་རླངས་འཁོར་འཚང་ཁ་ཆེ་བའི་དུས་སུ་གྲོང་མི་མང་པོ་ཞིག་ལ་སེམས་ཁྲལ་ཆེན་པོ་བཟོ་ཡི་ཡོད། ད་ཆ་གནས་ཚུལ་དེར་རྩ་བའི་ཆ་ནས་འགྱུར་ལྡོག་ཡོང་གྲབས་ཡོད།
ལྷ་ས་གྲོང་ཁྱེར་གྱི་སྐོར་ལམ་གཅིག་དང་། འཕྲེད་གསུམ། གཞུང་ལྔ་བཅས་ཀྱི་མ་ལམ་གྱི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པའི་ངོས་ནས་བྱང་སྐོར་ནུབ་སྲིང་ལམ་ཐིག་གི་འགོ་འཛུགས་ས་དེ་པེ་ཅིང་ནུབ་ལམ(སྟོད་ལུང་བདེ་ཆེན་ཆུས་དང་ཁྲེང་ཀོན་ཆུས་ཀྱི་འབྲེལ་མཚམས)ནས་ཡིན་པ་དང་། མཇུག་འགྲིལ་ས་དེ་རྒྱལ་ལམ་G109དང་སྟོད་ལུང་ལམ་ཆེན་དང་ཞང་ཞུང་ལམ་ཆེན་གྱི་ལམ་མདོར་ཡིན་ཞིང་། ལམ་ཐིག་ཧྲིལ་པོར་སྤྱི་ལེ་17ཡོད་པ་དང་ཕྱོགས་གཉིས་ལ་འཁོར་ལམ་བཞི་ལྡན་པའི་གྲོང་ཁྱེར་གྱི་མྱུར་བགྲོད་ལམ་བུའི་ཚད་གཞི་ལྟར་བསྐྲུན་རྒྱུ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་60ཡིན་པ་རེད། ལམ་ཐིག་ཧྲིལ་པོར་ཁྱོན་ཟམ་པ་12དང་། ཕུག་ལམ་3 ཟམ་འོག་གི་ཕུག་ལམ་1དང་མཉམ་མཐུད་ལམ་1བཅས་ཡོད་པས་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་ནི་རྣམ་གྲངས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་རེད། ཨར་ལས་བྱེད་རིང་། འཛུཊ་སྐྲུན་ཚོགས་པས་ས་མཐོའི་ས་གཤིས་རྙོག་འཛིང་ཆེ་བ་སོགས་ཀྱི་འགྲན་སློང་ཁྱད་བསད་བྱས་པ་དང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社