分享按钮

རེས་སྐོར་བརྒྱད་པའི་དགུན་དུས་བོད་དུ་ཡུལ་སྐོར་བྱེད་ཅེས་པའི་ཁྲོམ་རར་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

ངོ་མཚར་གྱིས་ཕྱུག་པའི་གངས་ལྗོངས་ས་མཐོ་དང་མཇལ།

མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཞན་ཀན།

ཡུལ་སྐོར་བ་ལྷ་སའི་བར་སྐོར་དུ་སྐྱོད་བཞིན་དེའི་མཐའ་འཁོར་གྱི་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་ལ་མྱོང་རོལ་དང་། དམངས་སྲོལ་གྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི་ཚོང་ཟོག་འདེམས་ཉོ། ཉི་འོད་གྲོང་ཁྱེར་གྱི་ཉམས་སྣང་མྱོང་ཚོར་བཅས་བྱེད་ཀྱི་ཡོད། འཛམ་གླིང་སྟེང་གི་ཆེས་མཐོ་བའི་རི་བོ་ཨང་དང་པོར་གྲགས་པའི་ཇོ་མོ་གླང་མའི་འདབས་སུ། ཡུལ་སྐོར་བ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ལག་ཏུ་བརྙན་ཤེལ་ཐོག་ཏེ་ཉི་འོད་གངས་ལ་ཕོག་སྐབས་གངས་རི་དེ་སྐད་ཅིག་ཉིད་ལ་གསེར་རི་ལྟར་མཛེས་ཤིང་ཡིད་དུ་འོང་བར་གྱུར་པའི་སྣང་ཚུལ་ཟིན་ཐོར་འགོད་པ་དང་། མངའ་རིས་ས་ཁུལ་དུ། ཡུལ་སྐོར་བ་རྣམས་འབྲོག་པས་རྟ་ནོར་ལུག་གསུམ་དེད་དེ་དབྱར་ས་ནས་དགུན་སར་སྐྱས་སྤོ་བའི་དུས་སྐབས་དང་འཕྲད་པ་སོགས་ལྟད་མོ་ཤིན་ཏུ་མང་། དགུན་དུས་ཀྱི་བོད་ལྗོངས་ཀྱིས་ཕྱོགས་བཞི་མཚམས་ནས་ཡོང་བའི་ཡུལ་སྐོར་བ་གྲངས་མེད་ཀྱི་ཡིད་དབང་བཀུག་སྟེ་མཐོང་སྣང་མི་འདྲ་བའི་གངས་ལྗོངས་ས་མཐོར་ཡུལ་སྐོར་བྱེད་པར་ཡོང་བཞིན་ཡོད།

ས་མཐོའི་གངས་འཁྱགས་ཀྱི་ཉམས་སྣང་།

སྔོན་ཆད། ཡ་ང་བའི་རང་བྱུང་ཁོར་ཡུག་གིས་བོད་ལྗོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་དཀའ་ཁག་ཧ་ཅང་ཆེན་པོ་བཟོས་ཡོད། དེ་སྔོན་རྒྱལ་སྟོན་གྱི་གུང་གསེང་མཇུག་སྒྲིལ་རྗེས། གསོལ་མགྲོན་ཁང་དང་། གསོལ་ཚིགས་ཁང་། ཡུལ་སྐོར་པར་ལེན་སོགས་ཡུལ་སྐོར་ལས་རིགས་རྩ་བའི་ཆ་ནས་སྒོ་བརྒྱབ་སྟེ་ངལ་གསོ་རྒྱག་དགོས་ཀྱི་ཡོད། ཡུལ་སྐོར་ལས་གཉེར་བ་ཚོས་ད་ནི་ལུག་འཚོ་བར་འགྲོ་ཞེས་ཆོབ་བཤད་ཀྱི་ཡོད། ལྷ་སའི་གྲགས་ཅན་གསོལ་མགྲོན་ཁང་ག་གེ་མོ་ཞིག་གི་འགན་འཁུར་བ་ཐང་ཝེ་ཡིས“ལོ་ཕྱེད་ནང་གྲོད་པ་རྒྱགས་པ་དང་ལོ་ཕྱེད་ནང་གྲོད་པ་ལྟོགས་པ”ནི་དེ་སྔའི་བོད་ལྗོངས་ཡུལ་སྐོར་ལས་རིགས་ཀྱི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་གྱུར་ཡོད། ལོ་རེའི་ཟླ་10པ་ནས་ཕྱི་ལོའི་ཟླ་4པའི་བར་ཡུལ་སྐོར་བའི་གྲངས་འབོར་ཆེས་ཆེར་ཉུང་དུ་ཕྱིན་ནས་གཉེར་སྐྱོང་གི་གནོན་ཤུགས་ཆེ་རུ་འགྲོ་བ་ཡིན། གཙོ་བོ་མི་རྣམས་ཀྱི་འདུ་ཤེས་ནང་དགུན་དུས་སུ་ས་མཐོར་གནམ་གཤིས་ངན་པས་ཡུལ་སྐོར་ལ་མི་འཚམ་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད།

ཐང་ཝེ་ཡིས་དུས་ཚིགས་ཀྱི་འཆིང་རྒྱ་ལས་གྲོལ་ཆེད། སྲིད་གཞུང་དང་ཁེ་ལས་ཚང་མས་གནད་དོན་དེ་ཐག་གཅོད་ཀྱི་ཐབས་ལམ་བཙལ་བ་དང་། 2018ལོར་བོད་ལྗོངས་ཀྱིས་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་ཁྲོམ་རར་སྐུལ་འདེད་གཏོང་བའི་བྱེད་སྒོ་ཐོག་མར་སྤེལ་ཞིང་། སྔར་བྱུང་མྱོང་མེད་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་ཕྱིན་པ་དང་གཟིགས་སྐྱོང་གི་བྱེད་སྒོ་སྣ་ཚོགས་ལ་ཁྲོམ་རའི་དགའ་བསུ་ཐོབ་ཡོད། ལོ་དེའི་ཟླ་དང་པོ་ནས་ཟླ་བཞི་པའི་བར་བོད་ལྗོངས་ཀྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་266.7ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས་བརྒྱ་ཆ་63.5འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་35ལས་བརྒལ་ནས་དུས་མཚུངས་ལས་བརྒྱ་ཆ་62.8འཕར་ཡོད་ཅེས་བཤད།

ཐང་ཝེ་ཡིས་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་བྱེད་སྒོ་དེ་ནི་སྙིང་ཁམས་གསོ་བྱེད་ཀྱི་སྨན་ཁབ་ཅིག་དང་འདྲ་བས་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་ཁྲོམ་རར་གསོན་ཤུགས་གསར་པ་ཞིག་བསྣན་ཏེ་བོད་ཀྱི་ཡུལ་སྐོར་ལ་ཡུལ་སྐོར་བ་ཉུང་བའི་དུས་སུའང་ཡུལ་སྐོར་བ་མང་བའི་དམིགས་འབེན་རིམ་བཞིན་མངོན་འགྱུར་བྱུང་ཡོད། དགུན་དུས་ཀྱི་བོད་ལྗོངས་ལ་དུས་ཚིགས་གཞན་དང་མི་འདྲ་བའི་ཡུལ་ལྗོངས་ཡོད་པས་ཡུལ་སྐོར་བ་རྣམས་ལ་ཉམས་ལེན་མི་འདྲ་བ་སྦྱིན་ཐུབ་ཀྱི་ཡོད་ཅེས་བཤད།

གངས་ལྗོངས་ས་མཐོར་གངས་འཁྱགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་སྟེ། ཧི་མ་ལ་ཡའི་རི་རྒྱུད་དང་གཉན་ཆེན་ཐང་ལྷའི་རི་རྒྱུད་སོགས་ངོ་མཚར་ཆེ་བའི་གངས་རིའི་ཡུལ་ལྗོངས་མང་པོ་ཞིག་ཆགས་ཡོད། གནས་སྟོད་འཁྱགས་རོམ་དང་།མཁའ་རེག་ལ་འཁྱགས་རོམ།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-04 མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཞན་ཀན། རེས་སྐོར་བརྒྱད་པའི་དགུན་དུས་བོད་དུ་ཡུལ་སྐོར་བྱེད་ཅེས་པའི་ཁྲོམ་རར་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ། 6 6 拉萨日报藏文 c213094.html 1 ངོ་མཚར་གྱིས་ཕྱུག་པའི་གངས་ལྗོངས་ས་མཐོ་དང་མཇལ། /enpproperty-->