ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་ནང་ཞུགས་མཁན་གྱི་ཡ་རབས་འགྲིམ་འགྲུལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས།འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་རྣམ་པ་བཟང་པོ་ཞིག་གཏོད་ཆེད།ཟླ་11ཚེས་30ཉིན་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་122རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོ་ཐེངས་14པའི་དྲིལ་བསྒྲགས་བྱེད་སྒོ་ཀྲོའུ་ཅིའི་ཐང་ཆེན་དུ་སྤེལ་བ་རེད།
བྱེད་སྒོ་དེ་སྐྱོར་མོ་ལུང་ལྷ་མོ་ཚོགས་པས་འཁྲབ་པའི《བཀྲ་ཤིས་པའི་རྔོན་པའི་འདོན》ཞེས་པའི་ཁྲོད་བྱེད་སྒོ་འགོ་ཚུགས་པ་དང་།འཁྲབ་ཚན་ཐུང་གྲས《ནུས་པ་གང་ཡང་མེད་པ》ཞེས་པའི་དགོད་བྲོའི་རྣམ་པའི་ཐོག་ནས་འགྲིམ་འགྲུལ་ཤེས་བྱ་བརྒྱུད་སྤྲོད་བྱས་ཤིང་།ལྷ་ས་གྲོང་ཁྱེར་སློབ་ཆུང་དགུ་པའི་སློབ་མས་འགྲིམ་འགྲུལ་ལག་བརྡའི་འཁྲབ་སྟོན་བྱས་པ་རེད།ད་ཐེངས་ཀྱི་བྱེད་སྒོའི་ནང་རིག་རྩལ་འགྲེམས་འཁྲབ་དང་ཁྲིམས་ལུགས་ཁྱབ་གདལ་མཉམ་འགུལ་སོགས་ཀྱི་ནང་དོན་ཚུད་པ་དང་།རྒྱ་ཆེའི་གྲོང་མིར་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་དང་ཡ་རབས་ངང་ཕྱིར་སྐྱོད་པའི་འདུ་ཤེས་དར་སྤེལ་བཏང་ཡོད།
མོས་ཐོན་གྱི་མངགས་སྐྱེལ་བ་ཡེ་ཀྲི་ཕུང་གིས་མངགས་སྐྱེལ་བྱེད་རིང་།ངས་འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ་ལྡོག་ཕྱོགས་སུ་མི་སྐྱོད་པ་དང་།བརྡ་སྟོན་གློག་སྒྲོན་དམར་པོ་མི་བརྒལ་བ།སྐར་ཆ་གཅིག་བརྩོན་ལེན་བྱེད་པ་ལས་སྐར་མ་གསུམ་སྒུག་སྡོད་པ་བཅས་བྱ་རྒྱུ་ཡིན།འདིར་ངས་ལས་རིགས་གཅིག་པའི་གྲོགས་པོ་ཚོར་འགྲིམ་འགྲུལ་དོ་དམ་གྱི་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན།དེ་ནི་མི་གཞན་གྱི་བདེ་འཇགས་ལ་བསམ་གཞིགས་བྱས་པ་ཞིག་ཡིན་ལ།རང་ཉིད་ཀྱི་ཚེ་སྲོག་གི་བདེ་འཇགས་ལ་འགན་འཁུར་བ་ཞིག་ཀྱང་ཡིན་ཞེས་བཤད།
བྱེད་སྒོ་སྤེལ་ཡུལ་དུ་ད་དུང་འགྲིམ་འགྲུལ་དྲིལ་བསྒྲགས་དང་མངོན་མིན་རིག་གནས་ཤུལ་བཞག་ཟུང་དུ་འབྲེལ་བའི་རིག་གནས་གསར་གཏོད་འགྲེམས་སྟོན་ཁུལ་དང་།ཉེན་དོན་སྒྲིག་ཆས་འགྲེམས་སྟོན་ཁུལ།VRགློག་སྒུལ་རླངས་འཁོར་གྱི་འགྲིམ་འགྲུལ་བདེ་འཇགས་ཉམས་ལེན་ཁུལ་སོགས་དྲིལ་བསྒྲགས་ས་ཁོངས་བཙུགས་པས།གྲོང་མི་མང་པོ་ཞིག་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་འགྲིམ་འགྲུལ་བདེ་འཇགས་ལྟ་སྐུལ་དོ་དམ་དང་དྲིལ་བསྒྲགས་རུ་ཆེན་གྱི་རིམ་བཞིའི་ཉེན་རྟོག་དཔོན་ཀྲའོ་ཙེ་ཧུའེ་ཡིས་འདི་ལོའི་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི་གཙོ་དོན་ནི་ཡ་རབས་ལྡན་པའི་འགྲིམ་འགྲུལ་དང་། གུས་ཞབས་ལྡན་པའི་འགྲུལ་བཞུད་བྱེད་ཅེས་པ་དེ་རེད།དེའི་དོན་སྙིང་ནི་འགྲིམ་འགྲུལ་ནང་ཞུགས་མཁན་ཚང་མས་སྒྲིག་ལམ་སྲུང་བ་དང་།གུས་ཞབས་ལྡན་པ།ཕན་ཚུན་བསམ་ཤེས།བདེ་འཇགས་དང་གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་འགྲོ་སྐྱོད་བྱེད་པའི་ཚད་གཞི་ལག་ལེན་བསྟར་རྒྱུ་དར་སྤེལ་གཏོང་རྒྱུ་དང་།འདུ་ཤེས་དེ་བྱ་སྤྱོད་ངོ་མར་འགྱུར་བ་བྱེད་པའི་འགག་རྩ་ནི་གཞི་རིམ་ལ་གཞི་ཚུགས་པ་དང་དམངས་དང་ཉེ་བཅར་བྱས་ཏེ་གུས་ཞབས་ཀྱི་ནང་དོན་དེ་འགྲིམ་འགྲུལ་འགྲོ་སྐྱོད་ཀྱི་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཐོག མཉམ་སྐྱོང་དང་མཉམ་སྤྱོད་ཀྱི་འགྲིམ་འགྲུལ་བདེ་འཇགས་བཅོས་སྐྱོང་གི་མ་ལག་ཅིག་གཏོད་རྒྱུ་དེ་ཡིན་ཞེས་བཤད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社