ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། མེ་ཟོན་དྲིལ་བསྒྲཊ་ཟླ་བའི་རིང་། རང་ལྗོངས་ཀྱི་རིམ་ཁག་མེ་ཟོན་རོགས་སྐྱོབ་ཚན་པས་སྤྱི་བདེ་དང་དཔལ་འབྱོར་ཆ་འཕྲིན་སོཊ་ལས་རིགས་ཀྱི་གཙོ་གཉེར་ཚན་པ་དང་མེ་ཟོན་དང་བླངས་པའི་དཔུང་ཁག་དང་མཉམ་འབྲེལ་བྱས་ཏེ་སྡེ་ཁུལ་དང་། ཁྲོམ་གཞུང་། ཚོང་ཁང་། ཁེ་ལས་སོཊ་སུ་བསྐྱོད་དེ་རྣམ་པ་སྣ་ཚོཊ་ཀྱི་ཐོག་ནས་མེ་ཟོན་དྲིལ་བསྒྲཊ་སློབ་གསོའི་བྱེད་སྒོ་སྤེལ་ཏེ།མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་མང་ཚོགས་ཀྱི་ཉེ་འགྲམ་དུ་དྲིལ་བསྒྲགས་བྱས་ཐོག་གཞི་རིམ་གྱི་བདེ་འཇགས་སྲུང་ཡོལ་བརྟན་དུ་བཏང་བ་རེད།
ད་ཐེངས་ཀྱི་བྱེད་སྒོའི་ནང་མང་ཚོགས་ཀྱི་མེ་ཟོན་བདེ་འཇཊ་ཀྱི་འདུ་ཤེས་ཟབ་ཏུ་དང་རང་འགོག་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་ནས་ཕྱོཊ་ཡོངས་དང་ཕྱོགས་བསྡུས་ཅན་གྱི་དྲིལ་བསྒྲཊ་ཐབས་ལམ་བཏོད་ཡོད་ཅིང་། མེ་ཟོན་དྲིལ་བསྒྲཊ་པ་དང་། དང་བླངས་པ་ཚོགས་ཆུང་བགོས་ནས་བྱ་སྤྱོད་སྤེལ་བ་དང་། སྒོ་རྡུང་ནས་དུད་ཚང་དུ་སྐྱོད་པའི་བྱ་ཐབས་ལ་བརྟེན་ནས་གྲོང་མི་དང་ཚོང་དུད་ལ་མེ་ཟོན་བདེ་འཇགས་ལག་དེབ་དང་འཕྲལ་སྡོམ་སྲོག་ཉེན་ལས་ཐར་ཐབས་བྱེད་པའི་ཕྱོགས་སྟོན་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་སྤྲད་དེ་འབར་རླངས་བདེ་འཇགས་ངང་སྤྱོད་པ་དང་། ནུས་ཚད་ཆེ་བའི་གློག་ཆས་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བ། གཙང་སེལ་གསུམ་དང་འགག་སྒོ་གསུམ་སོགས་ཀྱི་རྒྱུན་མཁོའི་ཤེས་བྱར་འགྲེལ་བཤད་བརྒྱབ་པ་དང་། ཆབས་ཅིག་ཏུ་མེ་ཟོན་སྒྲིག་བཀོད་འཐུས་སྒོ་ཚང་ཚད་དང་གློག་སྐུད་གང་བྱུང་དུ་འཁྲིད་པ་སོགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱས་ཡོད། སྡེ་ཁུལ་གྱི་ཐོན་སྒོ་དང་། འཛུལ་སྒོ། བར་ཁྱམས་སོགས་མངོན་གསལ་དོད་པའི་གནས་སུ་གཙོ་དོན་བརྡ་ཁྱབ་སྦྱར་ནས་མེ་ཟོན་བདེ་འཇགས་ཀྱི་དྲན་སྐུལ་མིག་མཐོང་ལག་ཟིན་ཡོང་བར་བྱས་ཏེ་དྲིལ་བསྒྲགས་ཀྱི་མཐའ་མའི་འགག་གནད་བསལ་བར་བྱས་ཡོད།
སྐོར་སྐྱོད་མེ་ཟོན་དྲིལ་བསྒྲགས་རླངས་འཁོར་འདི་ཉིད་སྒུལ་བདེའི་མེ་ཟོན་སློབ་ཁང་དུ་འགྱུར་ནས་བསྟན་པའི་ཚན་རིག་ཁྱབ་གདལ་གྱི་བརྙན་ལམ་དང་མེ་སྐྱོན་ཁྲོད་སྲོག་ཉེན་ལས་ཐར་ཐབས་བྱེད་པའི་གསོན་ཉམས་དོད་པའི་འགུལ་རིས་ལས་མང་ཚོགས་ཚོས་མེ་ཟོན་ཤེས་བྱ་ཐད་ཀར་སློབ་སྦྱོང་བྱེད་ཐུབ་པར་བྱུང་ཡོད་ཅིང་། VRཉམས་ལེན་ཁུལ་དུ་ཁྱིམ་ཚང་གི་ཚལ་སླང་ལ་མེ་མཆེད་པའི་མེ་སྐྱོན་ཐག་གཅོད་བྱེད་པ་དང་། བར་ཁྱམས་སུ་དུ་བ་འཕྱུར་ནས་ཐར་ཐབས་བྱེད་པ་སོགས་ཀྱི་ལད་མོའི་རྣམ་པར་བརྟེན་ནས་དེའི་ནང་ཞུགས་མཁན་ཚོས་ཉམས་ལེན་བྱེད་རིང་སྲོག་ཉེན་ལས་ཐར་ཐབས་དང་འཕྲལ་སྡོམ་ཐག་གཅོད་བྱ་ཐབས་ཁོང་དུ་ཆུད་པར་བྱས་ཡོད། མེ་ཟོན་དང་བླངས་པ་ལེ་ཡུས་ཏས་མེ་སྐྱོན་ཐོན་སྐབས་ཇི་ལྟར་བྱས་ནས་བདེ་འཇགས་ཐོན་སྒོ་བཙལ་ནས་ཉེན་ཁ་ཆུང་དུ་གཏོང་དགོས་མིན་ཤེས་བྱུང་ཞེས་བཤད།
ད་ཐེངས་ཀྱི་བྱེད་སྒོ་དེ་རིམ་རྩིས་བྱས་ན་མང་ཚོགས་མི་ཐེངས་ཁྲི་12ལྷག་ཙམ་ལ་ཁྱབ་ནས་ཁོངས་གཏོགས་ཁུལ་གྱི་ཚོང་དུད་དང་གྲོང་མིའི་མེ་ཟོན་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་ཕྱིན་ཡོད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社