分享按钮

ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ལྷན་སྐྱེས་རང་བཞིན་གྱི་རྐང་ལག་ཡ་མ་གཟུགས་ལ་སྨན་བཅོས་བྱེད་འགོ་ཚུགས་པ།

(པར་ངོས་དང་པོར་མཐུད)ཡུན་རིང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། པེ་ཅིང་ཅི་ཧྲུའེ་ཐན་སྨན་ཁང་གི་ལག་པའི་ཕྱི་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ཚོགས་པས་བྱེད་སྒོའི་བཀོད་སྒྲིག་ཞིབ་ཕྲ་ངོ་སྤྲོད་བྱས་པ་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་རུས་ནད་ཚན་ཁག་དང་བྱིས་ནད་ཚན་ཁག་སོགས་འབྲེལ་ཡོད་ཚན་ཁག་གི་སྨན་དོན་པ་དང་སྤེལ་རེས་གཏིང་ཟབ་བྱས་ཏེ། སྤེལ་རོགས་ཁྲིད་གསུམ་གྱི་རྣམ་པ་བརྒྱུད་དེ་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྒྱང་ཁྲིད་སྨན་བཅོས་ལམ་སྲོལ་འཛུགས་པ། སྨན་བཅོས་ཉམས་མྱོང་མཉམ་སྤྱོད་བཅས་བྱས་ཏེ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་རང་རྒྱ་འཕེར་བའི་ངང་རྙོག་འཛིང་ཆེ་བའི་ལྷན་སྐྱེས་རང་བཞིན་གྱི་རྐང་ལག་ཡ་མ་གཟུགས་ཀྱི་སྨན་བཅོས་བྱེད་པའི་ས་གནས་དེ་གའི་སྨན་བཅོས་ཚོགས་པ་ཞིག་གཏོད་རྒྱུར་རམ་འདེགས་བྱས་ཡོད།

ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་དང་ཆེད་བཅོས་སྨན་པ་ཡིན་པའི་ལེའོ་ཐའོ་ཡིས་སྨན་ཁང་གིས་ད་ལོའི་ཟླ་5ཚེས་8ཉིན་སྨན་བཅོས་ཀྱི་བྱེད་སྒོ་ཐོག་མ་དེ་སྤེལ་བ་དང་དེས་ནད་པ་མང་པོར་བདེ་ཐང་སླར་གསོའི་རེ་བ་སྦྱིན་ཞིང་། ད་ཐེངས་པེ་ཅིང་གི་རིགས་གཅིག་མཁས་ཅན་སླར་ཡང་ཕེབས་པ་འདི་ནི་པེ་ཅིང་དང་ལྷ་སའི་ས་གནས་གཉིས་ཀྱིས་རྒྱུན་མཐུད་ངང་སྨན་བཅོས་ཀྱི་མཉམ་ལས་གཏིང་ཟབ་བྱས་པ་ཞིག་ཡིན་ལ། ས་མཐོའི་མང་ཚོགས་ཀྱི་བདེ་ཐང་ལ་ཐུགས་ཁུར་ཟབ་མོ་གནང་བ་ཞིག་ཀྱང་རེད། ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས་རིགས་གཅིག་མཁས་ཅན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ཏེ། ས་གནས་དེ་གའི་སྨན་དོན་པའི་ཆེད་ལས་རྩལ་ནུས་མཐོ་རུ་བཏང་ནས་ས་གནས་འདི་གའི་སྨན་བཅོས་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་རྒྱུ་ཡིན་ཞེས་བཤད།

འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས། རིགས་གཅིག་མཁས་ཅན་ཚོས་སྒོ་བསྟེན་སྨན་བཅོས་ཚོམས་ཆེན་དུ་འོས་འགན་སྨན་བཅོས་བྱེད་འགོ་ཚུགས་པ་དང་། ཡུལ་དངོས་སུ་སྨན་བཅོས་བྱེད་པར་ཡོང་མཁན་གྱི་ནད་པ་དང་ཁྱིམ་བདག་གིས་ཁེངས་ཤིང་། པེ་ཅིང་གི་རིགས་གཅིག་མཁས་ཅན་གྱིས་ནད་གཞིར་བརྟག་དཔྱད་དང་། ལྟ་ཞིབ། འདྲི་རྩད་སོགས་ཀྱི་བྱ་ཐབས་བརྒྱུད།བརྟག་དཔྱད་ཞིབ་ཚགས་བྱས་ཏེ་བྱིས་པའི་ལྷན་སྐྱེས་རང་བཞིན་གྱི་རྐང་ལག་ཡ་མ་གཟུགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་སྦྲགས། ཁྱིམ་བདག་ལ་གཤགས་བཅོས་བྱེད་པའི་དུས་ཚོད་ཡག་ཤོས་དང་། གཤགས་བཅོས་མ་བྱས་གོང་དོ་སྣང་བྱེད་དགོས་པའི་དོན་ཚན། གཤགས་བཅོས་བྱས་རྗེས་ཀྱི་དྲག་སྐྱེད་སྦྱོང་བརྡར་བྱ་ཐབས་བཅས་ཞིབ་ཕྲ་གསལ་བཤད་བྱས་པ་རེད།

ནད་པའི་ཁྱིམ་བདག་བསོད་ནམས་ཀྱིས་ཁ་སྔོན་སྨན་བཅོས་བྱེད་སྐབས་དེ་རིང་པེ་ཅིང་གི་རིགས་གཅིག་མཁས་ཅན་གྱིས་འོས་འགན་སྨན་བཅོས་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་བས་ཆེད་མངགས་ཡོང་བ་ཡིན། སྨན་པས་གོང་གི་བརྟག་དཔྱད་བྱས་འབྲས་ལ་བལྟས་རྗེས་ལམ་སེང་གཤགས་བཅོས་བྱས་ཆོག་ཅེས་ཤོད་ཀྱི་འདུག་པས་ང་ཚོས་གྲ་སྒྲིག་བྱས་ནས་བསྡད་ཡོད་ཅེས་བཤད།

ད་ཐེངས་ཀྱི་བྱེད་སྒོས་ས་མཐོའི་ཁུལ་གྱི་ལྷན་སྐྱེས་རང་བཞིན་གྱི་རྐང་ལག་ཡ་མ་གཟུགས་ཀྱི་ནད་ཕོག་པའི་བྱིས་པར་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་བསྒྲུབས་པར་མ་ཟད། པེ་ཅིང་དང་ལྷ་སའི་ས་གནས་གཉིས་ཀྱི་རོགས་སྐྱོར་བསམ་པ་དེ་བས་ཟབ་ཏུ་ཕྱིན་ཡོད། ཕྱིས་འབྱུང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་པེ་ཅིང་གི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་དང་མཉམ་ལས་བྱ་རྒྱུར་མུ་མཐུད་དེ་ཤུགས་སྣོན་བརྒྱབ་ནས་ལྷན་སྐྱེས་རང་བཞིན་གྱི་རྐང་ལག་ཡ་མ་གཟུགས་ཀྱི་སྨན་བཅོས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ས་མཐོའི་མང་ཚོགས་ཀྱི་གཟུགས་གཞིའི་བདེ་ཐང་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-03 6 6 拉萨日报藏文 c212964.html 1 ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ལྷན་སྐྱེས་རང་བཞིན་གྱི་རྐང་ལག་ཡ་མ་གཟུགས་ལ་སྨན་བཅོས་བྱེད་འགོ་ཚུགས་པ། /enpproperty-->