分享按钮

གསར་རྩོམ་གཏམ་བརྗོད་ཟློས་གར《ཐག་རིང་གི་ལྷ་སའི་སྐྱིད་ཆུ》ཞེས་པ་ལྷ་སར་འཁྲབ་སྟོན་བྱས་པ།

(པར་ངོས་གཉིས་པར་མཐུད)པེ་ཅིང་དང་བོད་ལྗོངས་ས་ཁུལ་གཉིས་སྦྲེལ་མཐུད་བྱེད་པའི་བརྩེ་སེམས་ཀྱི་འབྲེལ་ཐག་ཏུ་གྱུར་ཡོད།རོལ་དབྱངས་ཇུས་འགོད་ཐད།རྒྱུད་གསུམ་དང་སྒྲ་སྙན་དཀྲོལ་རེས་བྱས་པ་དང་།སོའོ་ན་དང་རྒྱ་གླིང་མཉམ་དཀྲོལ་བྱས་ཡོད།མཇུག་བསྡུའི་གཙོ་དོན་རོལ་དབྱངས་ནི་གདོད་མའི་བོད་རིགས་ཀྱི་བུད་མེད་ཀྱི་སྐད་སྒྲ་དང་པེ་ཅིང་གི་སྐད་ཉམས་གླུ་གཞས་ལས་ས་གནས་གཉིས་པོའི་རིག་གནས་མཉམ་འགུལ་གྱི་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་ཀྱི་རྣམ་པ་ཞིག་མངོན་པར་བྱས་ཡོད།

རྒྱལ་སའི་རིག་གནས་ཚན་རྩལ་ཚོགས་པའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་པེ་ཅིང་འཁྲབ་སྟོན་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཏུང་ཉིང་གིས་བོད་སྐྱོར་ལས་བྱེད་པ་མི་རབས་ནས་མི་རབས་བར་གངས་ལྗོངས་ས་མཐོར་ཡོང་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་པར་མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད།སེམས་འགུལ་ཆེན་པོ་ཐེབས་པ་དེ་ལས《ཐག་རིང་གི་ལྷ་སའི་སྐྱིད་ཆུ》ཞེས་པའི་གཏམ་བརྗོད་ཟློས་གར་འདི་གསར་རྩོམ་བྱས་པ་རེད།ང་ཚོས་རིག་རྩལ་བརྩམས་ཆོས་བརྒྱུད།བོད་སྐྱོར་གྱི་སྙིང་སྟོབས་ལ་གུས་འདུད་ཞུ་རྒྱུ་ཡིན་ཞིང་།རིག་གནས་སྤེལ་རེས་དང་།འགྲོ་འོང་།མཉམ་འདྲེས་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་བརྩེ་སེམས་རོགས་རེས་མངོན་པར་བྱས་ནས་ཚང་མས་བོད་ལྗོངས་འདི་ཉིད་དེང་རབས་དང་།དར་སྲོལ།དྲོ་སྐྱིད་ལྡན་པ་དང་།བསམ་པའི་སྟོབས་ཤུགས་ཀྱིས་ཁེངས་པ་བཅས་སུ་འཕེལ་རྒྱས་འགྲོ་བཞིན་པ་མཐོང་ཐུབ་པའི་རེ་བ་ཡོད།ང་ཚོའི་འཁྲབ་སྟོན་པ་མང་པོ་ཞིག་ནི་བོད་དུ་ཡོང་ཐེངས་དང་པོ་ཡིན་པས།ཚང་མའི་སྙིང་སྟོབས་དང་སྙིང་རུས་ནི་སྒྱུ་རྩལ་ལས་དོན་པས་བརྟན་སྲུང་བྱས་པའི་བོད་བསྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཤིག་རེད་བཤད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-03 6 6 拉萨日报藏文 c212963.html 1 གསར་རྩོམ་གཏམ་བརྗོད་ཟློས་གར《ཐག་རིང་གི་ལྷ་སའི་སྐྱིད་ཆུ》ཞེས་པ་ལྷ་སར་འཁྲབ་སྟོན་བྱས་པ། /enpproperty-->