分享按钮

དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འབུངས་བྱས་ནས་བདེན་དགེ་མཛེས་གསུམ་བརྒྱུད་སྤེལ་དང་དྲང་ནུས་བརྒྱུད་སྤྲོད་བྱེད་དགོས།

​ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གིས་དང་བླངས་ཞབས་ཞུའི་བྱ་གཞག་གི་སྤུས་མཐོའི་འཕེལ་རྒྱས་ལ་མཛུབ་ཁྲིད་གནང་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཞུང་ཧྥེང་། ཧྥེང་ཅ་ཧྲུན། ཏུང་པོ་ཐིང་།

རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག རྒྱ་ཆེའི་དང་བླངས་པ་དང་། དང་བླངས་ཞབས་ཞུའི་རྩ་འཛུགས། དང་བླངས་ཞབས་ཞུའི་ལས་དོན་པ་བཅས་ཀྱིས་དང་བླངས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གསོན་ཉམས་དོད་པའི་ལག་ལེན་ནང་ཧུར་ཐག་ཞུགས་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ཀྱི་དམངས་འཚོར་ཞབས་འདེགས་ཞུ་བ། སྤྱི་ཚོགས་ཀྱི་བཅོས་སྐྱོང་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཁྲོད་བདེན་དགེ་མཛེས་གསུམ་བརྒྱུད་སྤྲོད་དང་དྲང་ནུས་བརྒྱུད་སྤེལ་ཧུར་ཐག་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཆེད་དང་བླངས་ཞབས་ཞུའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

ཀྲུང་གོའི་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་སྐབས་གསུམ་པ་འཚོགས་པའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཚོགས་ཆེན་འཚོགས་པར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་། རྒྱ་ཆེའི་དང་བླངས་པ་དང་། དང་བླངས་ཞབས་ཞུའི་རྩ་འཛུགས། དང་བླངས་ཞབས་ཞུའི་ལས་དོན་པ་བཅས་ལ་འཚམས་འདྲི་གནང་བ་དང་འབྲེལ་ཐུགས་རེ་ནན་པོ་བཏོན་གནང་བ་རེད།

ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་རྒྱ་ཆེའི་དང་བླངས་པ་དང་། དང་བླངས་ཞབས་ཞུའི་རྩ་འཛུགས། དང་བླངས་ཞབས་ཞུའི་ལས་དོན་པ་བཅས་ལ་ཐུགས་ཁུར་ཟབ་མོ་དང་རེ་སྒུག་ཟབ་མོ་གནང་ལུགས་མཚོན་པར་བྱས་ནས། དང་བླངས་ཞབས་ཞུའི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དེ་མདུན་ཕྱོགས་ཀྱི་བྱ་སྤྱོད་ལ་བསྒྱུར་ནས། འགན་འཁྲི་འཁུར་བ་དང་ལེགས་སྐྱེས་ཕུལ་ཏེ་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་དྲོ་སྐྱིད་དང་སྟོབས་ཤུགས་དེ་བས་མང་བ་སྣོན་རྒྱུ་ཡིན་ཞེས་གསུངས་པ་རེད།

ཡུལ་དངོས་སུ་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་བྱས་པ་ཉན་རྗེས། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དགེ་རྒན་ཆེན་མོ་བ་དང་། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-03 ​ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གིས་དང་བླངས་ཞབས་ཞུའི་བྱ་གཞག་གི་སྤུས་མཐོའི་འཕེལ་རྒྱས་ལ་མཛུབ་ཁྲིད་གནང་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཞུང་ཧྥེང་། ཧྥེང་ཅ་ཧྲུན། ཏུང་པོ་ཐིང་། 6 6 拉萨日报藏文 c212956.html 1 དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འབུངས་བྱས་ནས་བདེན་དགེ་མཛེས་གསུམ་བརྒྱུད་སྤེལ་དང་དྲང་ནུས་བརྒྱུད་སྤྲོད་བྱེད་དགོས། /enpproperty-->