ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉིན་ཤས་གོང་།
ནོར་སྲིད་པུའུ་དང་ཚོང་དོན་པུས་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་།དཔེ་དབྱིབས་གསར་པ།རྣམ་པ་གསར་པ་བཅས་ཀྱི་ཚོད་ལྟའི་གྲོང་ཁྱེར་གྱི་འགྲན་རྩོད་རང་བཞིན་གྱི་ཞིབ་དཔྱད་འབྲས་བུ་ཡོངས་བསྒྲགས་བྱས་པར་ལྷ་ས་འདི་ཉིད་མིང་གྲལ་དུ་ཚུད་ཡོད།
ད་ལོའི་ཟླ་9པར་ནོར་སྲིད་པུའུ་དང་ཚོང་དོན་པུས་མཉམ་འབྲེལ་ཐོག《འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་།དཔེ་དབྱིབས་གསར་པ།རྣམ་པ་གསར་པ་བཅས་ཀྱི་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས།གྲོང་ཁྱེར་50ཙམ་ལ་ཚོད་ལྟའི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱ་རྩིས་ཡོད་པ་དང་།གཙོ་བོ་མི་འབོར་གྱི་གཞི་གྲངས་ཆེ་བ་དང་།སྐུལ་ཁྲིད་ཀྱི་ནུས་པ་ཆེ་བ།འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་བ་བཅས་ཀྱི་གྲོང་ཁྱེར་ཆེས་ཆེ་གྲས་ལ་ཁ་ཕྱོགས་རྒྱུ་དང་།སྲིད་ཇུས་ལག་བསྟར་བྱེད་ཡུན་ལོ་གཉིས་ཡིན་ཞིང་།ཚོད་ལྟའི་གྲོང་ཁྱེར་གྱིས་ཐོག་མར་འགྲེམས་སྤེལ་བྱེད་པའི་དཔལ་འབྱོར་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་།སྣ་མང་ཅན་གྱི་ཞབས་ཞུའི་འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་བྱེད་པ།སྤུས་ལེགས་འཛད་སྤྱོད་ཐོན་ཁུངས་དང་གྲགས་ཅན་IPཡི་ལས་རིགས་ལས་བརྒལ་ནས་མིང་མཉམ་འགོད་བྱེད་པ་སོཊ་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་རེད།ལག་བསྟར་བྱེད་པའི་དུས་ཡུན་ནང་།གྲོང་ཁྱེར་ཆེས་ཆེ་གྲས་ཚང་མར་ཁྱོན་བསྡོམས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་4དང་།གྲོང་ཁྱེར་ཆེ་གྲས་ཚང་མར་ཁྱོན་བསྡོམས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་3 གྲོང་ཁྱེར་གཞན་དག་ཚང་མར་ཁྱོན་བསྡོམས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2བཅས་སྤྲོད་རྒྱུ་རེད།
ད་ཐེངས་གྲུབ་འབྲས་ཐོབ་པའི་ངང་རྒྱལ་ཡོངས་ཀྱི་ཚོད་ལྟའི་གྲོང་ཁྱེར་ནང་ཚུད་པ་དེ་ནི་ལྷ་ས་གྲོང་ཁྱེར་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོར་མཉམ་འདྲེས་དང་ཞབས་འདེགས་ཞུ་བ་དང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社