分享按钮

ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭའི་2025ལོ་ནས་2026ལོ་འཁོར་གྱི་འཁྱགས་དུས་ཆུ་འདྲེན་ལས་དོན་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་30ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཟླ་11ཚེས་30ཉིན། ཀྲུང་གོ་ལྷོ་ཆུ་བྱང་འདྲེན་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭའི་2025ལོ་ནས་2026ལོ་འཁོར་གྱི་འཁྱགས་དུས་ཆུ་འདྲེན་ལས་དོན་འགོ་ཚུགས་ནས་ལས་གྲྭའི་འཁོར་སྐྱོད་དོ་དམ་དེ་འཁྱགས་དུས་ཆུ་འདྲེན་དུས་མཚམས་སུ་སླེབས་པ་དང་། སྔོན་དཔག་བྱས་ན། 2026ལོའི་ཟླ་2པའི་ཟླ་མཇུག་ཏུ་མཇུག་འགྲིལ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭའི་འཁོར་སྐྱོད་དོ་དམ་ཚན་པས་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་མ་ལག་གི་སྔོན་བརྡ་དང་། སྔོན་ཚུད་ཉེན་བརྡ། སྔོན་ཚུད་ནང་སྦྱོང་། སྔོན་ཚུད་ཇུས་གཞི་བཅས་སྔོན་ཚུད་བཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལྟ་ཞིབ་ཚད་ལེན་གྱི་ཤེས་ཚོར་ནུས་པ་ཆེ་རུ་བཏང་བ་རེད། དེ་དང་ཆབས་ཅིག་བཀོད་གཏོང་གི་ཇུས་གཞི་ཞིབ་ཚཊ་བཟོས་པ་དང་།འགུལ་རྣམ་བཀོད་གཏོང་ལེཊ་སུ་བཏང་བ།སྔ་སྣུར་དུ་འཁྱཊ་པ་འགོག་པ་དང་། འཁྱགས་པ་བཞུ་བ། འཁྱཊ་པ་དཀྲུག་པ། འཁྱཊ་པ་ཕྱིར་འབུད་བཅས་ཀྱི་སྒྲིག་ཆས་བཟོས་པ་དང་ཚོད་ལྟ་སྙོམས་སྒྲིག་བྱས་པ། འབྲེལ་ཡོད་སྐྲུན་དངོས་ལ་དྲོད་སྲུང་བྱ་ཐབས་སྤྱད་པ་བཅས་བྱས་ནས་འགོག་སྲུང་གི་ནུས་པ་ཆེ་རུ་བཏང་ཡོད། འཕྲལ་སྡོམ་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་པ་དང་། སྐོར་ཞིབ་ལས་རེས་ལ་ཤུགས་སྣོན་བརྒྱབ་པ། རིམ་པ་མང་བའི་ཉེན་འགོག་གེཊ་སེལ་དཔུང་ཁག་གི་ནུས་པ་འདོན་སྤེལ་བྱས་པ། འཁྱགས་པ་ཐེབས་པའི་གནོད་འཚེའི་ནང་སྦྱོང་བཅས་བྱས་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རཊ་ཏན་ཏིག་ངང་བརྟན་དུ་བཏང་ཡོད།

མིག་སྔར།ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་རྒྱུན་ཆད་མེད་པར་འཁོར་སྐྱོད་བྱས་ནས་ལོ་10ལྷག་ཙམ་སོང་ཚུན། པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧོ་ནན་བཅས་ཞིང་ཆེན་བཞིར་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་730མཁོ་འདོན་བྱས་པར་མི་དུང་ཕྱུར་1.18ཙམ་ལ་ཕན་པ་ཐོབ་པ་དང་ལས་གྲྭའི་ཕྱོགས་བསྡུས་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-02 6 6 拉萨日报藏文 c212947.html 1 ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭའི་2025ལོ་ནས་2026ལོ་འཁོར་གྱི་འཁྱགས་དུས་ཆུ་འདྲེན་ལས་དོན་འགོ་ཚུགས་པ། /enpproperty-->