分享按钮

རང་གྲོང་གིས་ལས་རོགས་ཉེན་རྟོག་པའི་ནང་མིའི་ཆེད་དོན་ལས་བསྡུའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དང་། གྲོང་ཁྱེར་རྒྱལ་ཁབ་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། གྲོང་ཁྱེར་མི་ཤུཊ་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་ལྷ་ས་གྲོང་ཁྱེར་གྱི་ལས་རོཊ་ཉེན་རྟོག་པའི་ནང་མིའི་ཆེད་དོན་ལས་བསྡུའི་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་མི་ཤུཊ་ཐོན་ཁུངས་ཁྲོམ་རར་སྤེལ་ནས་རང་གྲོང་གི་ལས་རོཊ་ཉེན་རྟོག་པའི་ནང་མིར་རང་བརྟེན་ལས་འདེམས་དང་ལས་ཞུགས་ལས་གཏོད་ཀྱི་ལས་སྟེཊ་ཤིག་བཏོད་པ་རེད།

ལས་བསྡུའི་འདུ་ཚོགས་མ་འཚོག་གོང་། གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ལས་རོགས་ཉེན་རྟོག་པའི་ནང་མིའི་ལོ་ན་དང་།

སློབ་གཉེར་བརྒྱུད་རིམ། ཆེད་ལས། ལས་ཞུགས་ཀྱི་འདོད་བློ་སོགས་ལྟེ་བའི་ཆ་འཕྲིན་ཁྱོན་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་བྱས་པ་དང་། དུས་མཚུངས་སུ་ཁེ་ལས་ཀྱི་ལས་གནས་དགོས་མཁོ་དང་གླ་ཕོགས་ཐོབ་ཐང་སོགས་འབྲེལ་མཐུད་ཞིབ་ཚགས་བྱས་ནས་མཁོ་སྤྲོད་ཀྱི་དཀའ་གནད་བསལ་ཏེ་ལས་བསྡུའི་འདུ་ཚོགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། ལས་རོགས་ཉེན་རྟོག་པའི་ནང་མིའི་དོན་དངོས་གནས་ཚུལ་གཞིར་བཟུང་། ཁེ་ལས་རྩེ་གྲ་49ལ་སྐུལ་སློང་ཧུར་ཐག་བྱས་ནས་འདུ་ཚོགས་ལ་ཞུགས་སུ་བཅུག་ཅིང་། སྲིད་འཛིན་གྱི་ཡིག་མཁན་དང་། བྲིན་ཚོང་། རྩིས་པ་སོགས་ཁྱབ་ཁོངས་མང་པོར་ཁྱབ་པར་བྱས་ཐོག་རང་རང་ལ་འཚམ་པའི་ལས་གནས་860ལྷག་ཙམ་བཀོད་སྒྲིག་བྱས་ཤིང་། ཚོགས་སྤྱི་མི་འདྲ་བའི་ལས་ཞུགས་ཀྱི་དགོས་མཁོ་མི་འདྲ་བ་བསྐངས་ཡོད།

ལས་མི་བསྡུ་བའི་ལས་ཕྱོད་ཆེ་རུ་གཏོང་བ་དང་ལས་འཚོལ་གྱི་ཐབས་ལམ་རྒྱ་ཆེར་གཏོང་ཆེད། ད་ཐེངས་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་ཀྱིས་དྲ་ཐོག་དང་དྲ་ཕྱི་དུས་མཉམ་དུ་ལས་མི་བསྡུ་བའི་བྱ་ཐབས་སྤྱད་པ་དང་། ལས་ཀ་འཚོལ་མཁན་གྱིས་དྲ་ཕྱིའི་ཡུལ་དངོས་ཀྱི་འདུ་ཚོགས་ལ་ཞུགས་ནས་ལས་མི་བསྡུ་མཁན་ཁེ་ལས་ཀྱི་འཐུས་མི་དང་ཡུལ་དངོས་སུ་སྤེལ་རེས་དང་བློ་འདྲི་བྱེད་པའམ་ཡང་ན་ལྷ་སའི་ལས་ཞུགས་ལས་གཏོད་ཀྱི་ཁྱུག་དབྱིངས་ཆེད་རྟགས་བརྒྱུད་དྲ་ཐོག་གི་ཐད་གཏོང་ལས་མི་བསྡུ་བའི་འདུ་ཚོགས་ནང་ཞུགས་ཆོག་གི་ཡོད་ལ། སྐད་འཕྲིན་ཐོག་ནས“ལྷ་སའི་ལས་ཞུགས”ཀྱི་བྱ་རིམ་ཆུང་ངུའི་ཐོག་ལས་འཚོལ་ཐོ་འགོད་རྒྱོངས་བ་དང་འབྲེལ་དྲ་ཐོག་ནས་ལས་འཚོལ་ལོ་རྒྱུས་མདོར་བསྡུས་བསྐུར་ཆོག་གི་ཡོད།

དྲ་ཕྱིའི་གདན་ཞུའི་འདུ་ཚོགས་ཀྱི་ཡུལ་དངོས་སུ་ཆེད་དོན་ཞབས་ཞུའི་ཁུལ་བཙུགས་ཤིང་། ཆེད་ལས་མཛུབ་ཁྲིད་མི་སྣས་ལས་རིགས་ངོ་སྤྲོད་དང་། ལས་རིགས་མཛུབ་ཁྲིད། སྲིད་ཇུས་བློ་འདྲི་སོགས་གཅིག་འཐུས་རྣམ་པའི་ཞབས་ཞུ་ཁྱོན་ཡོངས་ནས་མཁོ་འདོན་བྱས་ཏེ་ལས་འཚོལ་ནང་མིར་དོགས་གནད་སེལ་བ་དང་གནད་སྨིན་ནུས་སྤྲོད་བྱས་ཡོད། ལས་ཀ་འཚོལ་བར་ཡོང་མཁན་ལས་རོགས་ཉེན་རྟོག་པའི་ནང་མི་ཚོ་སྔ་ས་ནས་ཡུལ་དངོས་སུ་ཡོང་སྟེ་གྲ་སྒྲིག་ཞིབ་ཚགས་བྱས་པའི་ལོ་རྒྱུས་མདོར་བསྡུས་ཁྱེར་ནས་ཁེ་ལས་ཁག་གི་འགྲེམས་གནས་སུ་བསྐྱོད་དེ་རང་ཉིད་ལ་འཚམ་པའི་ལས་ཞུགས་གོ་སྐབས་འཚོལ་ཞིབ་ཧུར་ཐག་བྱས་པ་རེད།

ལས་རོགས་ཉེན་རྟོག་པའི་ནང་མི་ཉིའུ་ཧྥང་གིས་ངའི་བཟའ་ཟླ་ནི་ལས་རོགས་ཉེན་རྟོག་པ་ཞིག་ཡིན་པས་དུས་རྒྱུན་བྲེལ་བ་ཧ་ཅང་ཆེན་པོ་འདུག ང་རང་ཕྲུ་གུར་ལྟ་རྟོག་ཐུབ་པའི་ལས་ཀ་ཞིག་འཚོལ་འདོད་ཡོད་ལ་ཁོང་གནས་སའི་ཁྱིམ་ཚང་ཆེན་མོར་ནུས་ཤུགས་ཕྲན་བུ་འདོན་འདོད་ཡོད། དེ་རིང་འོས་སྦྱོར་བྱས་པའི་ལས་གནས་དང་དེ་སྔོན་ང་རང་གི་ལས་ཀའི་ཉམས་མྱོང་མཐུན་པོ་འདུག གལ་ཏེ་ལས་བསྡུ་ལེགས་གྲུབ་བྱུང་ཚེ། རང་ངོས་ཀྱི་རིན་ཐང་མངོན་འགྱུར་བྱེད་ཐུབ་ལ། ཁྱིམ་ཚང་ལ་ལྟ་རྟོག་ཡག་པོ་བྱེད་མི་ཐུབ་པའི་སེམས་ཁྲལ་ཡང་བྱེད་མི་དགོས། དངོས་གནས་ཧ་ཅང་དགའ་པོ་བྱུང་ཞེས་བཤད།

གྲོང་ཁྱེར་སྤྱི་བདེ་ཅུས་ཆབ་སྲིད་པུའི་ཀྲུའུ་རེན་གཞོན་པ་ཅི་ཡ་ཅིང་གིས་གསར་འགོད་པར་དེ་རིང་གི་གདན་ཞུའི་འདུ་ཚོགས་འདི་ནི་ང་ཚོ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་ནང་མིའི་ཆེད་དོན་ལས་བསྡུའི་འདུ་ཚོགས་སྐབས་དང་པོ་དེ་ཡིན་ཞིང་། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་ནང་མིའི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ནས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་དེ་བས་ལེགས་པ་དང་དེ་བས་བློ་བདེ་པོའི་ངང་ལས་གནས་ཐོག་ཞབས་འདེགས་ཞུ་བ་དང་ཁོང་ཚོའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་ཆེད་ཡིན་ཞེས་བཤད།

ཕྱིས་འབྱུང་། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ད་ཐེངས་ཀྱི་ཆེད་དོན་གདན་ཞུ་གོ་སྐབས་སུ་བྱས་ནས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ་དེ་བས་སྤུས་ལེགས་ཀྱི་ལས་ཞུགས་ལས་གནས་ཀྱི་སྟེགས་བུ་གཏོད་རྒྱུ་ཡིན་ཞིང་། དེ་བས་དངོས་ཕན་ལྡན་པ་དང་། དྲོད་སྐྱིད་ལྡན་པ། དེ་བས་མང་ཚོགས་དང་འབྲེལ་འདྲིས་ཆེ་བ་བཅས་ཀྱི་དྲོ་སྐྱིད་ལྡན་པའི་ཉེན་རྟོག་པར་གཅེས་སྐྱོང་བྱེད་པའི་བྱེད་ཐབས་བཏོན་ནས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞབས་ཞུ་ལེགས་སུ་གཏོང་བ། ལས་རོགས་ཉེན་རྟོག་པའི་ལས་རིགས་ཀྱི་གཟི་བརྗིད་ཚོར་སེམས་དང་གཏོགས་སེམས་ཆེ་རུ་གཏོང་རྒྱུ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-02 6 6 拉萨日报藏文 c212941.html 1 རང་གྲོང་གིས་ལས་རོགས་ཉེན་རྟོག་པའི་ནང་མིའི་ཆེད་དོན་ལས་བསྡུའི་བྱེད་སྒོ་སྤེལ་བ། /enpproperty-->