(པར་ངོས་གཉིས་པར་མཐུད)ཁྱབ་ཁོངས་ཁག་འཕེལ་རྒྱས་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་གནང་ཡོད།
སྙན་ཞུ་ཧྲིལ་པོའི་བརྗོད་བྱ་གསལ་ཞིང་ནང་དོན་གཏིང་ཟབ་པ་དང་། གང་ཞིག་ནི་རིགས་པའི་གཞུང་ལུགས་ཀྱི་སྙིང་བཅུད་ཡིན་གསལ་སྟོན་གནང་ཡོད་ལ། ཇི་ལྟར་བསྒྲུབ་དགོས་པའི་ལག་ལེན་གྱི་བླང་བྱ་ཡང་གསལ་བཤད་བྱས་ཡོད། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཞི་ཚུགས་དགོས་པར་མ་ཟད། བོད་ལྗོངས་ཀྱི་དོན་དངོས་མཐུན་ཞིང་ལས་རིགས་སློབ་གསོའི་ཁྱད་ཆོས་དང་ཡང་འཚམ་དགོས། གཞོན་ནུ་འཚར་ལོངས་དང་ཤེས་ལྡན་མི་སྣར་དེ་བས་དོ་ཁུར་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་དགོངས་པ་གསར་པ་དང་། ཆོད་གཏམ་གསར་པ། བཀོད་སྒྲིག་གསར་པ་བཅས་རབ་དང་རིམ་པར་དམིགས་ཏེ་སློབ་གསོའི་བྱ་གཞག་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་སྒྲོག་འགྲེལ་དང་རྒྱས་བཤད་བྱས་ཡོད།
སློབ་གྲྭ་དེའི་དགེ་རྒན་ལུའོ་ལིན་ཧྲེན་གྱིས་འཐབ་ཕྱོགས་དང་པོའི་དགེ་རྒན་ཞིག་ཡིན་པའི་ངོས་ནས་སླད་ཕྱིན་ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་གསོ་དང་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་མཉམ་འདྲེས་གཏིང་ཟབ་ཐུབ་པར་བྱས་ཏེ་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་ལ་དམ་པོར་དམིགས་ནས་སློབ་ཁྲིད་ཁྲོད་ཚང་འཛོམས་གྲོས་ཚོགས་ཀྱི་ཕུན་སུམ་ཚོགས་པོའི་དགོངས་དོན་གྱི་ནང་དོན་མཐའ་དག་བརྒྱུད་སྤྲོད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社