ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ལྗོངས་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་རྨ་ཁ་བཅོས་པའི་ནད་སྐྱོང་སྒོ་བསྟེན་སྨན་ཁང་དུ་ལོ་1དང་ཟླ་བ་7ཡིན་པའི་ཕྲུ་གུ་ཆུང་ཆུང་ཞིག་ཆུ་ཁོལ་གྱིས་འཚིག་རྗེས་སྨན་བཅོས་བྱེད་པར་སླེབས་ཡོད། སྨན་གཡོག་ཝང་ཝུན་ཚང་གིས་ཕྱོགས་གཅིག་ནས་སེམས་གསོ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་བྱང་ཆ་ལྡན་པའི་སྒོ་ནས་ཕྲུ་གུ་འདིར་རྨ་རས་བརྗེས་ཡོད། ཟླ་ཕྱེད་ལྷག་ཙམ་རིང་ཆེད་ལས་ཀྱི་ནད་སྐྱོང་བྱས་པ་བརྒྱུད། ཕྲུ་གུའི་ངོ་གདོང་དང་། མཇིང་པ། རྐང་ལག་བཅས་ཀྱི་རྨ་ཁ་གཞི་རྩའི་ཆ་ནས་གསོས་ཡོད། དེ་ནི་སྒོ་བསྟེན་སྨན་ཁང་དེས་སེམས་རྩ་འཁོལ་བའི་སྨན་བཅོས་ཞབས་ཞུར་བརྟེན་ནས་ནད་པ་དྲག་སྐྱེད་བྱུང་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད།
ད་ལོའི་ཟླ་7ཚེས་25ཉིན་སྨན་བཅོས་བྱེད་འགོ་ཚུགས་པ་ནས་བཟུང་། སྒོ་བསྟེན་སྨན་ཁང་དེས་ཐོག་མཐའ་བར་གསུམ་དུ་ལུས་སེམས་གཉིས་དང་མི་ཆོས་རིག་གནས་ཀྱི་ཐུགས་ཁུར་ཟུང་དུ་འབྲེལ་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་སྨན་རས་བརྗེ་ཐེངས་1000ལྷག་ཙམ་ལེགས་གྲུབ་ཟིན་པ་དང་། སྨན་ཁང་ནང་གི་ཚན་ཁག་གཞན་དག་དང་མཉམ་དུ་རྨ་ཁ་240ལྷག་ཙམ་ལ་སྨན་བཅོས་བྱས་པས་བོད་ཡོངས་ཀྱི་རྨ་ཁ་བཅོས་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་རིམ་བཞིན་གྱུར་ཡོད།
དེ་དང་ཆབས་ཅིག་ཏུ་སྒོ་བསྟེན་སྨན་ཁང་དེས་ཁོར་ཡུག་བརླན་གཤེར་གྱི་བཅོས་ཐབས་དང་། ཚད་བརྒལ་སྒྲ་རླབས་གཙང་བཟོ། འོད་བཅོས། གློག་བཅོས་སོགས་སྔོན་ཐོན་གྱི་བྱ་ཐབས་སྣ་ཚོགས་སྤྱད་པས་གཅིན་སྙི་ཟགས་ཁུའི་ནད་ཀྱི་རྐྱེན་པས་རྐང་པར་རྨ་བཟོས་པ་དང་། གནོན་ཤུགས་རང་བཞིན་གྱི་རྨས་སྐྱོན་ཕོག་པ་སོགས་དོས་དྲག་རང་བཞིན་གྱི་རྨ་ཁ་བཅོས་པའི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། སྨན་ཁང་ནང་གི་རྨ་ཁར་སྨན་བཅོས་བྱེད་མཁན་གཙོ་བོ་ཡིན་པའི་སྒོ་བསྟེན་སྨན་ཁང་དེས་འཚིག་རྨས་དང་རྨ་ཁ་གསོ་བཅོས་ཁོའོ་ལ་བརྟེན་ནས་ཚན་ཁག་མང་པོ་མཉམ་ལས་བྱེད་པའི་བདག་སྐྱོང་ཚོགས་ཆུང་བཙུགས་ཏེ། རྨ་ཁར་བདག་སྐྱོང་དང་གཤགས་བཅོས་ཀྱི་གྲ་སྒྲིག་ཟུང་དུ་འབྲེལ་བའི་གཞི་གཅིག་ཅན་གྱི་ཐབས་ལམ་སྤྱད་པས་ནད་པར་རྒྱུན་མཐུད་རང་བཞིན་གྱི་ལྟ་རྟོག་ཐུབ་པར་བྱས་ཡོད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社