分享按钮

པར་①འདི་ནི་ཟླ་11ཚེས་22ཉིན། ཁྲུང་ཆིང་གྲོང་ཁྱེར་ཧྲི་ཀྲུའུ་རྫོང་ཀྲུང་དབྱི་ཤང་གི་ཞིང་པས་མི་མེད་གནམ་གྲུ་བཏང་ནས་ར་མཉེ་ལ་ལུད་སྐྱེལ་འདྲེན་བྱེད་བཞིན་པའི་རྣམ་པ་ཡིན། ཁྲུང་ཆིང་གྲོང་ཁྱེར་ཧྲི་ཀྲུའུ་ཐུའུ་ཅ་རིགས་རང་སྐྱོང་རྫོང་ཀྲུང་དབྱི་ཤང་ནི་ཝུའུ་ལིང་རི་ཁུལ་གྱི་དབུས་སུ་གནས་ཤིང་། ཉེ་བའི་ལོ་ཤས་རིང་། ཀྲུང་དབྱི་ཤང་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས།ཐོན་ལས་དར་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། ཤང་ཡོངས་ཀྱིས་ར་མཉེ་དང་ཧོང་ལེན་འདེབས་འཛུགས་བྱས་པ་དང་སྦྲགས། སྦྲང་ནོར་བུ་གསོ་བ་དང་དེ་བཞིན་སེ་ཡབ་དང་ཁམ་བུ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ།དེང་རབས་ཞིང་ལས་ཀྱི་མ་ལག་ཅིག་བཏོད་ཡོད། གཞན་ཡང་། ཀྲུང་དབྱི་ཤང་གིས་ད་དུང་གནས་འཕྲོད་ལ་འཚམ་པའི་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལམ་དང་། ཆུ། གློག འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས།རྒྱལ་ཡོངས་ཀྱི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་གྲུབ་འབྲས་ཐོབ་པའི་ངང་བཏོད་དེ།ཡུལ་སྐོར་བ་མང་པོ་ཞིག་གནས་འདིར་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་ཅིང་།རི་ཆུའི་རྣམ་པ་དེ་དཔལ་འབྱོར་གྱི་རིན་ཐང་དུ་འགྱུར་བར་བྱས་ཡོད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

པར་②འདི་ནི་ཟླ་11ཚེས་22ཉིན། མི་མེད་གནམ་གྲུ་ནས་པར་དུ་བླངས་པའི་ཁྲུང་ཆིང་གྲོང་ཁྱེར་ཧྲི་ཀྲུའུ་རྫོང་ཀྲུང་དབྱི་ཤང་གི་ཡུལ་ལྗོངས་ཡིན།

པར་③འདི་ནི་ཟླ་11ཚེས་21ཉིན། ཡུལ་སྐོར་བས་ཀྲུང་དབྱི་ཤང་དུ་ཡུལ་སྐོར་བྱེད་ཞོར་དྲན་རྟེན་པར་རྒྱག་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-25 6 6 拉萨日报藏文 c212742.html 1 /enpproperty-->