ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ལྷ་སའི་དམིགས་བསལ་ཉེན་རྟོག་པས་སྡེ་ཚོགས་གྲོང་ཨུད་དང་གྲོང་ཁྱེར་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ལྷན་དང་མཉམ་དུ་ཉེན་རྟོག་སྒར་སར་ལག་ལེན་བྱས་ནས་བདེ་འཇཊ་ལ་ཤུགས་སྣོན་རྒྱག་པ་དང་། གསར་བརྗེའི་སྙིང་སྟོབས་འགན་འཁྲི་འཁུར་སེམས་ལས་མངོན་པ་ཞེས་པའི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ཏེ། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ལོ་ཆུང་གདོང་ལེན་རུ་མི་ཉེན་རྟོག་སྒར་སར་གདན་དྲངས་ཤིང་། ཆེས་ཐག་ཉེ་པོའི་སྒོ་ནས་དམིགས་བསལ་ཉེན་རྟོག་པའི་འཚོ་བ་ཉམས་སུ་མྱོང་བ་དང་། ཉེན་རྟོག་པའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བ། ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ། བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། རང་ཉིད་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ལྷ་སའི་དམིཊ་བསལ་ཉེན་རྟོག་པའི་ཉམས་འགྱུར་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ཡོད།
བྱེད་སྒོ་འགོ་ཚུགས་མ་ཐག་དམིགས་བསལ་ཉེན་རྟོག་རུ་ཁག་གི་རུ་མི་ཚོས་ངོ་མཚར་ཆེ་བའི་རྩལ་ནུས་འཁྲབ་སྟོན་བྱས་ཤིང་། མི་མེད་གནམ་གྲུས་ཉེན་རྟོག་པའི་དར་ཆ་དང་རུ་ཁག་གི་དར་ཆ་མཐོན་པོར་བསྒྲེངས་ནས་ཉེན་བརྡ་བཏང་བ་དང་། དམིཊ་བསལ་ཉེན་རྟོག་པས་ཉེན་རྟོག་པའི་སྦག་སྦག་བཞོན་ནས་བདེ་ལྕག་འཁྱུག་པའི་རྣམ་པ་སྟོན་པ་སོཊ་དམིཊ་བསལ་ཉེན་རྟོག་པའི་འབྲེལ་ཡོད་ལས་དོན་གྱི་རྣམ་པ་རེ་རེ་བཞིན་སློབ་མ་ཚོར་ངོམས་པས། སློབ་མ་ཚོ་ཧང་སངས་ཤིང་ཡིད་དབང་ཅིག་ཅར་ཉིད་དུ་འཕྲོག་ཡོད། མཐོན་པོའི་རི་གཟར་འཛེག་པ་དང་མར་བབས་པའི་རྣམ་པ་འཁྲབ་སྟོན་བྱས་པ་དེས་བྱེད་སྒོའི་རྣམ་པ་དེ་བས་འཁྲུག་ཆ་དོད་དུ་ཕྱིན་ཡོད་ཅིང་། དམིགས་བསལ་ཉེན་རྟོག་རུ་ཁག་གི་རུ་མི་ཚོས་བདེ་ལྕག་འཁྱུག་པོའི་ངང་མཐོ་ས་ནས་མར་བབས་པ་སོགས་ཀྱི་རྩལ་ངོམས་པས་སློབ་མ་ཚོས་དགའ་བསུ་ཡང་ཡང་ཞུས་ཡོད།
སློབ་མ་བསྟན་འཛིན་པཎ་གྲུབ་ཀྱིས་དམིགས་བསལ་ཉེན་རྟོག་པ་ཚོའི་སྒྲིག་ཁྲིམས་དམ་པོ་དང་དཀའ་ཚེགས་ཆེ་བའི་དངོས་འཐབ་རང་བཞིན་གྱི་སྦྱོང་བརྡར་གྱིས་ང་ཚོའི་བདེ་འཇགས་ལྡན་པའི་ཁྱིམ་གཞིས་བསྐྲུན་ཡོད། སླད་ཕྱིན། ངས་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ། ཁོང་ཚོ་མིག་དཔེར་བཟུང་ནས་འཚར་ལོངས་བྱུང་རྗེས་མེས་རྒྱལ་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།
དེ་རྗེས་དམིགས་བསལ་ཉེན་རྟོག་རུ་མི་ཚོས་སློབ་མ་ཚོར་སྔོན་ཐོན་གྱི་ཉེན་རྟོག་སྒྲིག་ཆས་སྣ་ཚོཊ་བསྟན་པས། སློབ་མ་ཚོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཡོད། དམིགས་བསལ་ཉེན་རྟོག་རུ་ཁག་གི་རུ་མིས་ངང་རྒྱུད་རིང་པོའི་སྒོ་ནས་སྒྲིག་ཆས་ཀྱི་མིང་དང་།སྤྱོད་སྒོ། བེད་སྤྱོད་བྱེད་སྟངས་བཅས་འགྲེལ་བཤད་ཞིབ་ཚཊ་བརྒྱབ་པར་མ་ཟད། ད་དུང་སློབ་མར་དངོས་སུ་ཉམས་ལེན་ཡང་བྱེད་དུ་བཅུག་ཡོད། སློབ་མ་ཚོ་དགའ་ཚོར་ཆེན་པོ་བྱུང་ནས་གཅིག་རྗེས་གཉིས་མཐུད་ངང་མདེའུ་འགོག་ཞྭ་མོ་གྱོན་པ་དང་། གཏུམ་འགོག་གྱོན་ཆས་གྱོན་པ། ལད་ཟློས་མེ་མདའ་འཁྱེར་བ་བཅས་ཅི་རིཊ་བྱས་ནས་དམིཊ་བསལ་ཉེན་རྟོག་པ་ཆུང་ཆུང་ཞིག་ཡིན་ཁུལ་བྱས་ཡོད།
སློབ་མ་ནོར་དཔལ་དབྱངས་མཚོས་དེ་རིང་ལྟ་སྐོར་བྱས་པ་བརྒྱུད། ངས་དུས་རབས་གསར་པའི་མཆོང་སྐྱོད་དང་འཕེལ་རྒྱས་མཐོང་བྱུང་། ཡུལ་དངོས་སུ་མི་མེད་གནམ་གྲུ་དང་འཚོལ་ཞིབ་ཡོ་བྱད་འགྲེམས་སྟོན་བྱས་ཡོད་པས། དངོས་གནས་ཧང་སངས་དགོས་པ་ཞིག་འདུག་ཅེས་བཤད།
འགྲེམས་སྟོན་མཇུག་འགྲིལ་རྗེས། ཕན་ཚུན་སྤེལ་རེས་བྱེད་པའི་དུས་མཚམས་ཟིན་པ་དང་། སློབ་མ་ཚོས་ལད་ཟློས་མེ་མདའ་རྒྱག་པ་དང་ཚོད་ལྟའི་ངང་ཉེན་རྟོག་པའི་སྦག་སྦག་བཞོན་པ་སོགས་བྱས་ཤིང་། དམིགས་བསལ་ཉེན་རྟོག་རུ་ཁག་གི་རུ་མི་ཚོས་གོ་བདེ་ལ་ཤེས་སླ་བའི་སྐད་ཆའི་ཐོག་ནས་སློབ་མ་ཚོར་རྒྱུན་གཏན་གྱི་བདེ་འཇགས་དོགས་ཟོན་གྱི་ཤེས་བྱ་དང་། ཁྲིམས་སྐྱོང་འདུ་ཤེས། སྒྲིག་ཆས་བེད་སྤྱོད་བྱེད་སྟངས་བཅས་ལ་འགྲེལ་བཤད་བརྒྱབ་པ་དང་། དེ་བཞིན་མི་རྒྱུས་མེད་ལ་དོགས་ཟོན་ཇི་ལྟར་བྱེད་པ་དང་། ཉེན་ཁ་འཕྲད་སྐབས་རོགས་སྐྱོབ་རེ་ཞུ་ཇི་ལྟར་བྱེད་པ་སོགས་རེ་རེ་བཞིན་བསླབ་ཡོད། སློབ་མ་ཚོས་དྲི་བ་ཧུར་ཐག་བཏོན་པ་དང་དམིགས་བསལ་ཉེན་རྟོག་རུ་ཁག་གི་རུ་མི་ཚོས་རེ་རེ་བཞིན་ལན་བརྒྱབ་པར་མ་ཟད། ཕྲུ་གུ་ཚོར་སློབ་སྦྱོང་ཡག་པོ་བྱེད་པ་དང་གཟུཊ་པོར་སྦྱོང་བརྡར་བྱས་ནས་སླད་ཕྱིན་མེས་རྒྱལ་དང་སྤྱི་ཚོགས་ལ་ཕན་ཐོཊ་ཡོད་པའི་མི་ཞིག་བྱེད་དགོས་པའི་སྐུལ་ལྕག་ཡང་བྱས་པ་རེད། ད་ཐེངས་ཀྱི་ཉེན་རྟོག་སྒར་སའི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་ལས་སློབ་མ་ཚོས་དམིཊ་བསལ་ཉེན་རྟོག་པའི་ལས་ཀ་དང་འཚོ་བ་ཤེས་རྟོཊ་ཐུབ་ཡོད་ལ། དམིཊ་བསལ་ཉེན་རྟོག་པའི་ལྷག་བསམ་རྣམ་དག་གི་འགན་འཁྲི་འཁུར་སེམས་ཡང་ཚོར་ཡོད།
དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་འཕྲལ་སྒྲུབ་རུ་ཆེན་གཉིས་པའི་རུ་དཔོན་ཝུའུ་ཧོན་གྱིས། ཉེན་རྟོག་སྒར་སའི་སྒོ་དབྱེའི་ཉིན་མོ་ནི་ཉེན་རྟོག་པ་དང་མི་དམངས་དབར་འབྲེལ་གཏུགས་བྱེད་པའི་ཟམ་པ་ལྟ་བུ་ཞིག་ཡིན་པས། ད་ཐེངས་ཀྱི་ཉེན་རྟོག་སྒར་སའི་སྒོ་དབྱེའི་ཉིན་མོ་བརྒྱུད། གྲོགས་པོ་ཆུང་ཆུང་ཚོས་དམིགས་བསལ་ཉེན་རྟོག་པའི་རྒྱུན་གཏན་གྱི་སྦྱོང་བརྡར་དང་། སྒྲིག་ཆས་ཡོ་ཆས། ལས་ཀའི་རྣམ་པ་བཅས་དང་ཉེ་བཅར་ཐུབ་པར་བྱས་ཡོད། དེས་དམིགས་བསལ་ཉེན་རྟོག་པའི་མཚར་སྣང་མེད་པར་བཟོས་ནས། སྤྱི་བདེའི་དམིགས་བསལ་ཉེན་རྟོག་པའི་ལས་དོན་ལ་ཤེས་རྟོགས་དང་ཡིད་ཆེས་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་ཅེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社