ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཏིང་ཁྲེང་གིས་གྲོང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་གཙོ་སྐྱོང་གནང་ཞིང་། ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ལ་ཞིབ་འཇུག་དང་ལས་བྱེད་པ་རྒན་གྲས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། བློ་མཐུན་རྒན་གྲས་ཀྱིས་ལྷ་སའི་འབྱུང་འགྱུར་འཕེལ་རྒྱས་ལ་འཛིན་པའི་ལྟ་ཚུལ་ཡང་དག་ལ་གསན་པ་རེད།
བཞུཊ་མོལ་ཚོགས་འདུའི་ཐོག་ཕུར་བུ་ཚེ་རིང་དང་། ཟླ་བ། ཡོན་ཏན་ནོར་བུ་སོགས་ལས་བྱེད་པ་རྒན་གྲས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ཡོད།
ཚང་མས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། དམངས་འཚོ་ལེགས་གཏོང་། གྲོང་གསེབ་དར་རྒྱས། སློབ་གསོ།སྨན་བཅོས། གྲོང་ཁྱེར་འཛུགས་སྐྲུན་སོགས་ཕྱོགས་མང་པོར་དམིགས་ནས་ངོས་འཛིན་ལྷུག་པོར་གླེང་བ་དང་། མྱོང་ཚོར་སྤེལ་རེས། ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བཅས་བྱས་ཏེ། ལོ་ལྔ་ཚན་བཅུ་བཞི་པའི་རིང་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོར་གདེང་འཇོག་གང་ལེགས་བྱས་ཡོད།
ཚོགས་ཞུཊ་ལས་བྱེད་པ་རྒན་གྲས་ཚོས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ།དམིགས་སའི་རང་བཞིན་དང་དགེ་མཚན་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་ནས་རང་གྲོང་གི་ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་ཇུས་འགོད་བྱ་ཆེད་ཐུན་མོང་གི་ངོས་འཛིན་གཅིག་སྡུད་དང་བློ་གྲོས་ལེགས་སྐྱེས་ཕུལ་ཡོད།
ཀྲང་ཏིང་ཁྲེང་གིས་བློ་མཐུན་རྒན་གྲས་ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་པ་དང་འབྲེལ་དུས་ཐོག་ཏུ་སྤེལ་རེས་གྲོས་བསྡུར་ནང་ཞུཊ་ཡོད། ཁོང་གིས་གྲོང་ཨུད་ཀྱི་ཚབ་ཞུས་ནས་བློ་མཐུན་རྒན་གྲས་ཚོས་དུས་ཡུན་རིང་པོའི་ནང་ལྷ་སའི་འཕེལ་རྒྱས་ལ་སེམས་ནུས་བཏོན་པ་དང་ཐུཊ་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུཊ་རྗེ་ཆེ་ཞུས་ཡོད། ཁོང་གིས་བློ་མཐུན་རྒན་གྲས་ནི་ལྷ་སའི་བྱ་གཞག་ཁག་གི་གསར་གཏོད་པ་དང་། འཛུཊ་སྐྲུན་པ། དཔང་པོ་གལ་ཆེན་བཅས་ཡིན་པས། ཁོང་ཚོའི་ཉམས་མྱོང་དང་བློ་གྲོས་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་ཆེའི་རྒྱུ་ནོར་ལྟ་བུ་ཞིག་རེད་ཅེས་ནན་གསུངས་གནང་ཡོད། འབྲེལ་ཡོད་ཚན་པས་བཞུགས་མོལ་ཚོཊ་འདུའི་ཐོག་བསྡུ་ལེན་བྱས་པའི་བསམ་འཆར་དང་གྲོས་འགོར་ཕྱོཊ་ཡོངས་ནས་གསེད་བཀྲོལ་དང་། ཞིབ་འཇུག་ནན་ཏན། བསྡུ་ལེན་གང་ལེཊ་བཅས་བྱས་ནས། ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་བའི་ནང་དོན་ལ་སྔར་བས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ། ལྷ་སའི་དོན་དངོས་དང་དེ་བས་འཚམ་པ་དང་ཐུན་མོང་གི་ངོས་འཛིན་དེ་བས་གཅིག་མཐུན་ཡོང་བར་བྱས་ཐོག འབྱུང་འགྱུར་ལོ་ལྔའི་རིང་གི་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོཊ་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་བླང་བྱ་བཏོན་ཡོད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社