ཟླ་11ཚེས་20ཉིན། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བརྡར་པ་རྫོང་རྒྱབ་ཀླུ་ཁང་དུ་བསྐྱོད་དེ། བོད་མི་དམངས་ཀྱི་རྒྱུན་གཏན་འཚོ་བར་ཉམས་ལེན་བྱས་ཡོད། སྤྲོད་སྣང་དོད་པའི་སྒོར་གཞས་དང་། གསོན་ཤུགས་ཀྱིས་ཁེངས་པའི་ལུས་སྦྱོང་ལུས་རྩལ། སྤྱི་གླིང་ནང་གི་རྒྱུན་གཏན་གྱི་འཚོ་བ་བཅས་ལས་ཡུལ་སྐོར་བརྡར་པ་ཚོས་ས་མཐོའི་ཞིང་ས་གཤིན་པོ་དེའི་ཐོག་གི་བདེ་ཞིང་སྐྱིད་པའི་རྣམ་པ་དེ་པར་དུ་བླངས་ཡོད།
ཞོགས་པའི་རྫོང་རྒྱབ་ཀླུ་ཁང་དུ་འཁྲུག་ཆ་དོད་ཅིང་། སྙན་ཞིང་འཇེབས་པའི་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་མི་རྣམས་ཀྱིས་གླུ་ལེན་གར་འཁྲབ་བྱེད་ཅིང་། ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་མཆིས། འདི་ནི་ལྷ་སའི་གྲོང་མིའི་ཐུན་མོང་གི་སྤྲོ་གསེང་བྱེད་སྟངས་ཤིག་ཡིན་ལ། རིག་གནས་སྤེལ་རེས་ཀྱི་ལས་སྟེགས་ཤིག་ཀྱང་ཡིན་པས། དེ་གར་ཕན་ཚུན་རྒྱུས་མངའ་མེད་པའི་མི་རྣམས་རིམ་བཞིན་ཆ་རྒྱུས་ཡོད་པར་འགྱུར་བཞིན་ཡོད་ལ། དགའ་སྤྲོའི་དགོད་སྒྲ་ལྷང་ལྷང་དུ་གྲགས་ནས་མི་སེམས་ལ་དྲོད་ཁོལ་ཡང་ཡང་སྦྱིན་གྱི་ཡོད།
བརྡར་པ་ཚོས་རྫོང་རྒྱབ་ཀླུ་ཁང་གི་རྐང་ལམ་ཕྲ་མོའི་ཐོག་ཕར་འགྲོ་ཚུར་འོང་བྱེད་བཞིན་དུ་སྐྱིད་སྣང་དོད་ཅིང་དྲོ་སྐྱིད་ལྡན་པའི་རྣམ་པ་རེ་རེ་བརྙན་དུ་ཕབ་བཞིན་ཡོད། ཁོང་ཚོར་སྤྱི་གླིང་དུ་སྤྱི་ཚོགས་ཀྱི་བརྟན་ལྷིང་ཞི་མཐུན་དང་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་ལྡན་པའི་རྣམ་པ་མཐོང་ཡོད་ཅིང་། དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་འདྲེས་གཏིང་ཟབ་བྱས་པའི་ལུས་སྦྱོང་གི་སྤྲོ་སེམས་ཆེན་པོ་ཡང་ཚོར་ཡོད། ཡུལ་སྐོར་བརྡར་པ་ཧོ་དབྱི་དབྱི་ཡིས། ང་ལྷ་སར་ཐེངས་མང་ཡོང་མྱོང་ཡོད། ད་རེས་ཚོར་སྣང་མི་འདྲ་བ་ཞིག་སྦྱིན་བྱུང་། དེ་རིང་ཞོགས་པ་ང་ཚོ་སྤྱི་གླིང་དུ་ཡོང་སྐབས། ཚང་མས་ཞབས་བྲོ་འཁྲབ་བཞིན་འདུག་པས། བོད་མི་དམངས་ཀྱི་འཚོ་བ་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་ཡོད་པའི་ཚོར་སྣང་བྱུང་ཞེས་བཤད།
རྫོང་རྒྱབ་ཀླུ་ཁང་ནི་ཕོ་བྲང་པོ་ཏ་ལའི་བྱང་ངོས་སུ་གནས་ཤིང་། ལྷ་སའི་གྲོང་ཁྱེར་ལྟེ་བའི་སྔོ་ལྗང་ཁུལ་ཡིན་ལ། ལྷ་སའི་གྲོང་མིའི་སྤྲོ་གསེང་རོལ་རྩེད་བྱ་ཡུལ་གལ་ཆེན་ཞིག་ཀྱང་ཡིན། ཞོགས་པ་མི་མང་པོ་ཞིག་སྤྱི་གླིང་དུ་འཛོམས་ནས་ཐའེ་ཅི་ལུས་རྩལ་སྦྱོང་བཞིན་ཡོད་པ་དང་། སྒོར་གཞས་འཁྲབ་མཁན་ཚོས་ཀྱང་སྒོར་གཞས་ཀྱི་འགྱུར་ཁུག་དང་བསྟུན་ནས་ལུས་ཀྱི་སྟངས་སྟབས་ཅི་རིགས་སྟོན་བཞིན་ཡོད།
གྲོང་མི་མིག་དམར་གྱིས། འདི་གར་སྒོར་གཞས་འཁྲབ་ནས་ལོ་20ལྷག་ཙམ་ཕྱིན་སོང་། དེ་རིང《དཀར་ལ་གྲོང་གསར》འཁྲབ་པ་ཡིན།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社