ཉེ་ཆར།ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་ཏང་ཨུད་ཀྱིས་དགུང་སྔོན་སྤྱི་ཚོགས་ལས་དོན་དང་དང་བླངས་ཞབས་ཞུའི་མཐུན་ཚོགས་ཀྱི་ཏང་ཀྲི་པུའུ་དང་མཉམ་འབྲེལ་ཐོག་འཇུན་པ་ཉ་གྲོང་ལག་ལེན་བསྟར་ཡུལ་དུ་བྱས་ནས་གྲོང་གསར་སྐོར་བ་དང་།ཉ་གྲོང་སྐོར་བ།ཕ་ཡུལ་གྱི་འཕེལ་རྒྱས་ལ་ལྟ་བ་ཞེས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒན་བཀུར་བྱེད་སྒོ་གསར་གཏོད་བྱས་པ་རེད།ད་ཐེངས་ཀྱི་བྱེད་སྒོས་རྣམ་པ་ཆུང་ངུའི་ཐོག་ནས་བཅོས་སྐྱོང་ཆེན་པོར་སྐུལ་འདེད་གཏོང་བ་དང་།ཏང་འཛུགས་སྐྱོང་གི་ཕར་ཆིན་རྒྱག་པའི་སྙིང་སྟོབས་ཀྱི་ཐོག་ནས་གཞི་རིམ་བཅོས་སྐྱོང་གནད་སྨིན་ཐུབ་པར་བྱས་ཏེ།ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱེད་པར་གསོན་ཤུགས་གསར་པ་བསྣན་ནས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་གསོན་ཉམས་དོད་པའི་ལག་ལེན་གྱི་མ་དཔེ་ཞིག་ཏུ་གྱུར་ཡོད།
དེ་སྔའི་ལྷིང་འཇགས་ཀྱི་སྲོལ་རྒྱུན་ཉ་གྲོང་དེ་ད་ཆ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་། འབྱུང་འཕྲོད་འཚོ་སྡོད་དང་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཚད་ཤིང་ཞིག་ཏུ་གྱུར་ཡོད།བྱེད་སྒོ་སྤེལ་བའི་ཉིན་དེར་རྒན་རྒོན་130ལྷག་ཙམ་ལྟ་སྐོར་རླངས་འཁོར་ལ་བསྡད་དེ་འཇུན་པ་ཉ་གྲོང་དུ་བསྐྱོད་དེ་ཕ་ཡུལ་གྱི་རྣམ་པ་གསར་པ་ཉམས་སུ་མྱོང་བ་དང་།རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཀོ་གྲུའི་ཞབས་བྲོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་མྱོང་རོལ་བྱས་ཡོད། སྲོལ་རྒྱུན་གྱི་དམངས་སྲོལ་དང་དེང་རབས་གྲོང་གསེབ་ཀྱི་མཛེས་ལྗོངས་མཉམ་འདྲེས་ཁྲོད་རྒན་རྒོན་ཚོས་དུས་རབས་འཕེལ་རྒྱས་ལས་བྱུང་བའི་ཕ་ཡུལ་གྱི་འགྱུར་ལྡོག་ཆེན་པོ་ཐད་ཀར་མྱོང་ཚོར་ཐུབ་ཡོད།ད་ཆའི་འཇུན་པ་ཉ་པའི་གྲོང་ཚོ་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་རིག་གནས་ཡུལ་སྐོར་གྱི་ས་ཁམས་མཚོན་རྟགས་ཤིག་ཡིན་པར་མ་ཟད། མང་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གསོན་ཉམས་དོད་པའི་སློབ་ཚན་ཞིག་ཏུ་དེ་བས་གྱུར་ཡོད།
ད་ཐེངས་ཀྱི་བྱེད་སྒོ་ནི་ཆུ་ཤུར་གྲོང་རྡལ་ཏང་ཨུད་ཀྱིས་གནད་སྨིན་བཅོས་སྐྱོང་གི་འདུ་ཤེས་ལག་ལེན་བསྟར་བའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་པ་དང་།བྱེད་སྒོ་དེ་ལྟ་བ་དང་།ཉན་པ།ཡུལ་སྐོར།རོལ་རྩེད།གཏམ་གླེང་བཅས་ཀྱི་ལྷུ་ཚིགས་ཆེན་པོ་ལྔར་དབྱེ་བ་ཞིབ་ཚགས་སུ་ཕྱེ་བ་བརྒྱུད། རྒན་རྒོན་གྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་གནད་སྨིན་ཐུབ་ཡོད།རིག་གནས་ཀྱི་ནུས་པའི་ཐད།མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ་དང་བོད་ཆས་འགྲེམས་སྟོན་སོགས་ཁྱད་ལྡན་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་ནས།རྒན་རྒོན་ཚོས་རྒྱུས་མངའ་ཆེ་བའི་ཕ་ཡུལ་གྱི་ཡུལ་སྐད་དང་ཕ་ཡུལ་གྱི་བརྩེ་སེམས་ཟབ་མོའི་ཁྲོད་རིག་གནས་ཀྱི་གདེང་ཚོད་དང་གཏོཊ་སེམས་ཤུཊ་ཆེར་བཏང་ཡོད།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社