分享按钮

ཚན་རྩལ་ལ་བརྟེན་ནས་མཚོ་བོད་ས་མཐོའི་འབྱུང་འཕྲོད་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བ།

(པར་ངོས་གཉིས་པར་མཐུད)ཁོར་ཡུག་ཕྱོགས་སྒྱུར་ཐེངས་གསུམ་པ་ལས་བྱུང་བའི་ཉེན་ཁ་གསར་པར་ངོས་འཛིན་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་ཁོར་ཡུག་ཕྱོགས་སྒྱུར་ཐེངས་གསུམ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པར་དམ་འཛིན་བྱས་ཏེ་མཚོ་བོད་ཚན་རིག་རྟོག་ཞིབ་ཀྱིས་རྒྱལ་ཁབ་ཀྱི་དགོས་མཁོར་ཕྱོགས་པའི་དམིགས་ཚད་གསར་པ་དང་ལས་འགན་གསར་པ་བཏོན་ཡོད།

མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་བྱས་ནས་མཚོ་བོད་ས་མཐོའི་ཁོར་ཡུག་འགྱུར་ལྡོག་གི་རྐྱེན་རྩ་གསལ་སྟོན་དང་འབྱུང་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་མ་ལག་ལེགས་སུ་བཏང་བ་དེས་མཚོ་བོད་ས་མཐོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ལ་ཤུགས་རྐྱེན་ཧ་ཅང་གལ་ཆེན་ཐེབས་རྒྱུ་རེད། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཝུའུ་ཀོང་ཅན་གྱིས་གསར་འགོད་པར་ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་དེ་དག་ལས་མཚོ་བོད་ས་མཐོའི་ཁོར་ཡུག་འགྱུར་ལྡོག་ལ་ཚན་རིག་དང་མཐུན་པའི་ངོས་འཛིན་བྱེད་ཚད་ཟབ་ཏུ་ཕྱིན་པར་མ་ཟད། གོ་ལ་ཧྲིལ་པོའི་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་ས་ཁོངས་རྒྱུན་མཐུད་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་དེ་བས་སྲ་ཞིང་བརྟན་པའི་ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད་ཅེས་བཤད།

ཕྱི་དྲོའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཧྥང་ཞའོ་མིན་དང་། སུན་ཧང་། དེ་བཞིན་ཀྲུང་གོ་ཚན་རིག་ཁང་གི་ཞིབ་འཇུག་པ་མང་པོ་ཞིག་གིས་སྐྱེ་དངོས་སྣ་མང་རང་བཞིན་དང་། མཚོ་བོད་ས་མཐོའི་འབུར་དུ་ཐོན་པའི་ཁོར་ཡུག་གི་ཕན་འབྲས། འབྱུང་ཁམས་མ་ལག་དང་འབྱུང་ཁམས་བདེ་འཇགས། འབྱུང་ཁམས་བདེ་འཇགས་སྲུང་ཡོལ་གྱི་ནུས་པ་དང་ལེགས་གཏོང་། འཐབ་ཇུས་ཐོན་ཁུངས་དང་ནུས་རྒྱུ། མིའི་རིགས་ཀྱི་བྱེད་སྒོ་དང་འཚོ་གནས་ཁོར་ཡུག་གི་བདེ་འཇགས། ས་ཁོངས་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ཐབས་ལམ་སོགས་འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས་ཕྱོགས་བསྡུས་བཀོལ་སྤྱོད་ཀྱི་ལྟེ་བའི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་རེད།

སུན་ཧང་གིས་ཚན་རིག་རྟོག་ཞིབ་ཐེངས་དང་པོ་དང་བསྡུར་ན་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་དེ་སྲོལ་རྒྱུན་གྱི་བརྟག་དཔྱད་ནས་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་ཚན་རིག་རྟོག་ཞིབ་བར་གྱི་གསར་བརྗེའི་རང་བཞིན་གྱི་འགྱུར་ལྡོག་མངོན་འགྱུར་བྱུང་ཡོད། ང་ཚོར་AIནུས་པའི་འོག་མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱ་རྒྱུ་དེ་དུས་རབས་གསར་རྐྱང་ཞིག་ཏུ་སླེབས་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད།

འབྱུང་འགྱུར་ལ་ཁ་ཕྱོགས་པ་དང། གསར་གཏོད་སྲོལ་འབྱེད་བྱེད། ད་ཐེངས་ཀྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གཡུར་ཟའི་གྲུབ་འབྲས་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་བསྡོམས་བྱས་པར་མ་ཟད། ཚན་རྩལ་གྲུབ་འབྲས་ནས་དོན་དངོས་ཀྱི་ཐོན་སྐྱེད་ནུས་ཤུཊ་སུ་འགྱུར་རྒྱུར་དེ་བས་སྐུལ་འདེད་མགྱོགས་པོ་བཏང་ནས་མཚོ་བོད་ས་མཐོའི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཐད་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུར་དེ་བས་ཞབས་འདེགས་ཡག་པོ་ཞུས་ཡོད།

རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཞིབ་འཇུག་པ་ཙེང་ཤིའུ་ལིས་མཚོ་བོད་ས་མཐོར་སྲོལ་རྒྱུན་གྱི་ཞིང་ལས་རྩི་ཤིང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་གསར་སྤེལ་གྱི་མདུན་ལམ་ཡངས་པོ་ཡོད། མེ་ཏོག་གི་འདྲེ་ཚེར་མ་ལྟ་བུར་མཚོན་ན། དེ་ཚ་ལུ་མའི་གདོད་མའི་རིགས་ཤིག་ཡིན་པའི་ངོས་ནས་ཚན་རིག་ཞིབ་འཇུག་གི་རིན་ཐང་གལ་ཆེན་ལྡན་པར་མ་ཟད། ད་དུང་ཐོན་རྫས་གསར་སྤེལ་གྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོའང་མངོན་ཡོད། ཞིབ་འཇུག་དང་གསར་སྤེལ་གཏིང་ཟབ་བྱས་པ་བརྒྱུད་ས་གནས་ལ་བདེ་སྐྱིད་སྐྲུན་པའི་ཁྱད་ལྡན་ཐོན་ལས་ཤིག་ཆགས་སྲིད་ཅེས་བཤད།

ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་ཅང་ལི་ལིས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་དང་བོད་ལྗོངས་ཚན་རྩལ་སྡེ་ཚན་གྱི་རོགས་དངུལ་ལ་བརྟེན་ནས་ང་ཚོས་ཉུང་མ་སྣ་ཁ་བརྒྱ་ལྷག་ཙམ་བསྡུ་རུབ་བྱས་ཏེ་བོད་ཀྱི་ས་བབ་མཐོ་བའི་ས་ཁུལ་དང་འཚམ་པའི་གྲང་འགོག་སྤུས་ལེགས་ཐོན་མཐོའི་ཉུང་མ་སྣ་ཁ་འདེམས་གསོ་བྱས་པ་དང་ས་བབ་མཐོ་ལ་དྲོད་ཚད་དམའ་བའི་ས་ཁུལ་གྱི་ཉུང་མ་ཐོན་མཐོའི་འདེབས་འཛུགས་ལག་རྩལ་ཞིབ་སྤེལ་བྱས་ཡོད། རྗེས་མར་ཐོན་ལས་འཁོར་འབྲེལ་སྐྱེད་སྲིང་བྱས་ནས་ཐོན་ལས་ཅན་དོན་འཁྱོལ་ཐུབ་པའི་བརྩོན་ལེན་བྱས་ཏེ་བོད་ལྗོངས་སུ་གཟན་རྩྭ་དཀོན་པའི་གནད་དོན་ཞི་ལྷོད་དུ་གཏོང་བ་དང་། མང་ཚོགས་ཀྱི་ཤ་ཚལ་སྒོང་གསུམ་ཕུན་སུམ་ཚོགས་སུ་གཏོང་བ། ཞིང་འབྲོག་པའི་ཐོན་འཕར་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་བཤད།

ཧི་མ་ལ་ཡ་སྐྱེ་འགྲོའི་གྲོགས་ཚོགས་མཉམ་འབྲེལ་སྲོལ་གཏོད་པ་དབྱང་ཤུས་ཀྱིས་མཚོ་བོད་ས་མཐོ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཚན་རིག་མཁས་ཅན་གྱི་འགན་འཁྲི་ཞིག་ཡིན་པར་མ་ཟད། ང་ཚོ་སྤྱི་དམངས་ཚང་མའི་ཐུན་མོང་གི་འགན་འཁྲི་ཞིག་ཀྱང་རེད།རྗེས་མར་ང་ཚོས་གྲུབ་འབྲས་དེ་དག་ཞིང་འབྲོག་མང་ཚོགས་ཀྱིས་ཉན་འདོད་པ་དང་གོ་ཐུབ་པའི་རྣམ་པའི་ཐོག་ནས་ཚན་རིག་ཁྱབ་གདལ་བཏང་སྟེ་ཚང་མར་མཚོ་བོད་ས་མཐོ་དེ་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཡོངས་བསྒྲགས་ཚོགས་འདུ་དེ་ཚེས་20ཉིན་བར་འཚོགས་པ་དང་འབྲེལ་ཡིག་རིས་དང་། དངོས་པོ། གྲངས་གཞི་ཅན་གྱི་འགྲེམས་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད་མཚོ་བོད་ཚན་རིག་རྟོག་ཞིབ་ཀྱི་རྩེ་རིམ་ཇུས་འགོད་དང་། མཚོན་རྟཊ་རང་བཞིན་གྱི་འཕེལ་རིམ། གྲུབ་འབྲས་ཆེན་པོ་བཞིའི་མ་ལག དེ་བཞིན་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་30སོཊ་ཀྱི་ནང་དོན་བརྒྱུད་རིམ་ལྡན་པའི་ངང་མངོན་པར་བྱས་ཡོད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-22 6 6 拉萨日报藏文 c212685.html 1 ཚན་རྩལ་ལ་བརྟེན་ནས་མཚོ་བོད་ས་མཐོའི་འབྱུང་འཕྲོད་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བ། /enpproperty-->