分享按钮

(པར་ངོས་དང་པོར་མཐུད)གཞི་རིམ་གྱི་བློ་གྲོས་དང་མང་ཚོགས་ཀྱི་འདོད་བློ་མཉམ་འདྲེས་གཏིང་ཟབ་ཐུབ་པ་བཅས་བྱས་ནས་འཆར་འགོད་བཟོ་བའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བའི་འགན་ལེན་བྱེད་དགོས།

ཀྲའོ་ཧུའེ་ཉན་གྱིས་བསྟན་དོན། ཚོགས་ཞུགས་འཐུས་མིའི་བསམ་འཆར་དང་གྲོས་འགོ་གཙོ་བོར་དམ་པོར་དམིགས་པ་དང་དངོས་སྒྲུབ་ལག་བསྟར་ཐུབ་པར་བྱས་ཏེ་གཞི་རིམ་གྱི་སེམས་གཏམ་བརྒྱུད་སྤྲོད་དང་མང་ཚོགས་ཀྱི་རེ་སྒུག་མཚོན་ཡོད་པས། འཆར་འགོད་འཐུས་སྒོ་ཚང་དུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།འཆར་ཟིན་ཚོགས་ཆུང་གིས་གསེད་བཀྲོལ་དང་ཞིབ་འཇུག་ནན་ཏན་བྱས་ཏེ་འཆར་འགོད་དེ་ལྷ་སའི་དོན་དངོས་དང་དེ་བས་འཚམ་མཐུན་ཡོང་བར་བྱེད་དགོས། ཁོང་གིས་གཞི་རིམ་ནི་འཆར་འགོད་དོན་འཁྱོལ་བྱེད་པའི་མཐའ་མའི་འགག་གནད་ཅིག་ཡིན་པས་གཞི་རིམ་ཏང་ཡོན་ལས་བྱེད་པས་ཇུས་འགོད་པ་དང་། སྒྲོག་འགྲེལ་པ། ལག་ལེན་པ་བཅས་ཡག་པོ་བྱས་ནས་རང་འགུལ་ངང་དམངས་འཚོའི་དཀའ་གནད་སེལ་བ་དང་། གོ་བདེ་ཞིང་ཤེས་སླ་བའི་སྐད་ཆའི་ཐོག་ནས་སྲིད་ཇུས་གསལ་འགྲེལ་བྱེད་པ། གསལ་ཐོ་ཅན་གྱི་དངོས་སྒྲུབ་ལ་བརྟེན་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གྲོང་ཨུད་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་ཐབས་ཇུས་བཀོད་སྒྲིག་གཞི་རིམ་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ་རེད།

ཚོགས་འདུ་མ་འཚོག་གོང་ཀྲའོ་ཧུའེ་ཉན་གྱིས་ད་དུང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-22 6 6 拉萨日报藏文 c212684.html 1 /enpproperty-->