ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གྲོང་ཁྱེར་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་120ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་རྫོང་ལྔ་དང་ཆུས་གསུམ་དང་། དོ་དམ་ཨུ་ལྷན། ནུས་པའི་གླིང་ཁུལ་བཅས་སུ་བསྐྱོད་དེ་གཅིག་སྡུད་གཟིགས་ཞིབ་ཀྱི་བྱེད་སྒོ་སྤེལ་བ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཡུང་ལིན་དང་། ཀྲེང་ཝུའེ་གོ། ཕེང་ཧྥེ་ཡུའེ། ཟླ་བ་སོགས་ཀྱིས་རུ་སྣེ་ཁྲིད་དེ་བྱེད་སྒོར་ཞུགས་པ་རེད།
གཟིགས་ཞིབ་ཁྲོད་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། འབྱུང་ཁམས་སྲུང་སྐྱོང་། དམངས་འཚོར་འགན་སྲུང་། ཁྲིམས་སྐྱོང་འཛུགས་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་སུ་དམིཊ་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོཊ་འཕེལ་རྒྱས་གཏོང་ཡུལ་44བདམས་པ་དང་། རྒྱ་ཆེའི་འཐུས་མི་སྒྲིག་འཛུཊ་བྱས་ནས་ཡུལ་དངོས་སུ་རྟོག་ཞིབ་དང་། བཞུགས་མོལ་སྤེལ་རེས། དཔྱད་ཡིག་ཀློག་བཤེར་སོགས་ཀྱི་བྱེད་སྟངས་བརྒྱུད་དེ་རང་གྲོང་གི་དོན་ཆེན་བཞིར་དམིགས་པ་དང་། འཛུགས་གཏོད་བཞིར་ཤུགས་རྒྱག་པ། གདོང་དམག་བདུན་ཡག་པོ་བྱེད་པ། རྩ་དོན་ལྔ་ལག་བསྟར་གཏིང་ཟབ་བྱེད་པ། འཐབ་ཇུས་ཆེན་པོ་བཞི་ལག་བསྟར་ཤུགས་ཆེན་བྱེད་པ། ལས་དོན་ཁག་ལྔ་དང་བྱ་སྤྱོད་ཆེན་པོ་བརྒྱད་ལ་སྤྱི་འདོམས་སྐུལ་འདེད་བཏང་བར་ཐོབ་པའི་ཕན་འབྲས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་། རེ་སྒུག་བྱེད་ས། རེ་འདུན་བྱེད་ས་བཅས་ལ་རྒྱུས་ལོན་གཏིང་ཟབ་བྱས་ཐོག་མི་དམངས་འཐུས་ཚོགས་དང་འཐུས་མིའི་ལྟ་སྐུལ་འགན་སྒྲུབ་དང་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས། གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དྲུག་པ་ཡག་པོ་འཚོག་ཆེད་རྨང་གཞི་བརྟན་དུ་བཏང་ཡོད། གཟིགས་ཞིབ་གནང་རིང་རྒྱ་ཆེའི་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལས་བྱེད་མང་ཚོགས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社