ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཚེས་18ཉིན།བོད་ལ་དགའ་ཞེས་པའི་གྲོང་གསེབ་དར་རྒྱས་ཀྱི་ཐོན་རྫས་འགྲེམས་སྟོན་ལྟེ་གནས་བོད་ལྗོངས་དྲ་ཐོག་ཚོང་དོན་ཐོན་ལས་གླིང་དུ་དངོས་སུ་བཙུགས་པ་རེད།
བོད་ལྗོངས་དྲ་ཐོག་ཚོང་དོན་ཀུང་སིས་ཞིབ་ཚགས་ངང་བཏོད་པའི་ཕྱོགས་བསྡུས་རང་བཞིན་གྱི་ལས་སྟེགས་དེ་ནི་རང་ལྗོངས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་གཏིང་ཟབ་ཏུ་གཏོང་བ་དང་།བོད་ལྗོངས་ཀྱི་ཐོན་རྫས་ཕྱིར་འཚོང་བྱེད་པའི་གྲངས་གཞིའི་བགྲོད་ལམ་གསར་པ་གཏོད་པའི་འགག་རྩའི་གོམ་སྟབས་ཤིག་ཡིན་པས།ས་མཐོའི་སྤུས་ལེགས་ཐོན་རྫས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཕྱོགས་སུ་གཏོང་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད།
འགྲེམས་སྟོན་ལྟེ་གནས་དེས་གཞུང་ཁོངས་ཁེ་ལས་ཀྱི་ཐད་གཉེར་བྱེད་སྟངས་སྤྱད་དེ་སྲིད་གཞུང་དང་ཁེ་ལས་ཀྱི་མཉམ་ལས་བརྒྱུད་སྤུས་ཚད་དང་མཁོ་སྤྲོད་སྦྲེལ་ཐག་གི་རྨང་གཞི་བརྟན་དུ་བཏང་བ་ཞིག་རེད། ལས་འགོ་ཚུགས་པའི་མཛད་སྒོའི་ཐོག་བོད་ལྗོངས་དྲ་ཐོག་ཚོང་དོན་ཀུང་སིའི་འགན་འཁུར་བས་ཤིས་ཚིག་བརྗོད་སྐབས། བོད་ལ་དགའ་ཞེས་པའི་གྲོང་གསེབ་དར་རྒྱས་ཀྱི་ཐོན་རྫས་འགྲེམས་སྟོན་ལྟེ་གནས་བཙུགས་པ་ནི་དྲ་ཐོག་མཁའ་ལམ་བརྒྱུད་དེ་ཐོན་རྫས་འཛམ་གླིང་ལ་ཁྱབ་པའི་ལས་འགན་སྒྲུབ་པའི་བྱ་ཐབས་བརྟན་པོ་ཞིག་རེད།
ཚགས་ཤ་ལས་སྣོན་ཞིབ་ཚགས་དང་། ནས་ཀྱི་ཐོན་རྫས་ཞིབ་འཇུག་གསར་སྤེལ། ཐང་གའི་རིག་གནས་གསར་གཏོད་སོགས་བོད་ཀྱི་ཁྱད་ལྡན་ལས་རིགས་ཀྱི་ཁྱབ་ཁོངས་མང་པོར་ཁྱབ་པ་དང་བོད་ཀྱི་ཁྱད་ལྡན་སྤུས་ལེགས་ཐོན་རྫས་གཅིག་སྡུད་བྱས་ཏེ།འགྲེམས་སྟོན་ལྟེ་གནས་ལ་ཐོན་ལས་ཀྱི་གསོན་ཤུགས་བསྣན་ཡོད།
འགྲེམས་སྟོན་ལྟེ་གནས་དེས་ལྟེ་བའི་འཐབ་ཇུས་ནུས་པ་ཆེན་པོ་ལྔ་ལ་བརྟེན་ནས་ཆ་ཚང་བའི་ཐོན་ལས་འབྱུང་ཁམས་འཛུགས་སྐྱོང་བྱས་ཏེ།“འགྲེམས་སྟོན”ནས“འཇོན་ཐང་སྐྱེད་སྲིང”དུ་ཕྱོགས་ཡོངས་ནས་རིམ་སྤོར་ཐུབ་པ་བྱས་པ་རེད། དེ་ནི་བོད་ཀྱི་གྲོང་ཁྱེར(ས་ཁུལ)བདུན་གྱི་ཆུས(རྫོང)74ཡི་ཁྱད་ལྡན་ཐོན་རྫས་གཅིག་སྡུད་བྱས་ཏེ།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社