分享按钮

ལྷ་ས་གྲོང་ཁྱེར་གྱིས་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཐད་གཞི་རིམ་གྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གྱི་བཞུཊ་མོལ་ཚོགས་འདུ་འཚོཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་19ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཐད་གཞི་རིམ་གྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལས་རིགས་ཁག་གི་གཞི་རིམ་གྱི་འཐུས་མི་35ཡི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཤིང་། ཚང་མས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་སོགས་ལ་དམིགས་ནས་ཐབས་འདོན་ཧུར་ཐག་བྱས་པ་རེད།

ཀྲའོ་ཧུའེ་ཉན་གྱིས་ཚོགས་འདུའི་ཐོག་ནན་གསུངས་གནང་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཆར་འགོད་བཟོ་བའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ཞིབ་ཕྲའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། སྒོ་ཕྱེ་ནས་ཐབས་ཇུས་འདྲི་བ་དང་བློ་བསྡུས་དགེ་འཚོལ་མཐའ་འཁྱོངས་བྱེད་པ།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-22 6 6 拉萨日报藏文 c212670.html 1 ལྷ་ས་གྲོང་ཁྱེར་གྱིས་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཐད་གཞི་རིམ་གྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གྱི་བཞུཊ་མོལ་ཚོགས་འདུ་འཚོཊ་པ། /enpproperty-->