分享按钮

ཞི་ཅིན་ཕིང་དང་ཁོ་མོ་རོའི་སྲིད་འཛིན་ཨ་ཀྲ་ལིས་ཀྲུང་གོ་དང་ཁོ་མོ་རོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་13ཉིན་གློག་འཕྲིན་འབྱོར་གསལ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་13ཉིན་ཁོ་མོ་རོའི་སྲིད་འཛིན་ཨ་ཀྲ་ལི་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་ནི་ཁོ་མོ་རོ་དང་ཕྱི་འབྲེལ་བཙུགས་མཁན་རྒྱལ་ཁབ་དང་པོ་དེ་ཡིན་ཞིང་། དུས་རབས་ཕྱེད་ཀའི་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་དང་ཁོ་མོ་རོའི་དབར་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་མུ་མཐུད་དེ་བརྟན་དུ་ཕྱིན་པ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས། རྒྱལ་ཁབ་ཆེ་ཆུང་གིས་ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་མཐུན་སྒྲིལ་རོགས་རེས་བྱེད་པའི་དཔེ་མཚོན་བཏོད་ཡོད། ང་རང་ནས་ཀྲུང་གོ་དང་ཁོ་མོ་རོའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་པ་དང་། སྲིད་འཛིན་ཨ་ཀྲ་ལི་དང་མཉམ་དུ་འབད་བརྩོན་ཆེན་པོས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བརྩིས་ཏེ། སྲོལ་རྒྱུན་མཛའ་བཤེས་ཀྱི་རྒྱུན་མཐུད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཁོ་མོ་རོའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་བསྟན་གནང་ཡོད།

ཨ་ཀྲ་ལི་ཡིས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50སོང་རིང་། ཁོ་མོ་རོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་ཡིད་ཆེས་མཐའ་འཁྱོངས་བྱས་ཐོག སྔ་ཕྱི་བར་གསུམ་དུ་ལངས་ཕྱོགས་གཅིག་པ་བཟུང་སྟེ། སྲ་བརྟན་གྱི་མཛའ་མཐུན་འབྲེལ་བ་བཙུཊ་ཡོད་པ་དང་། ཕྱོགས་གཉིས་མཉམ་ལས་ཀྱི་གཡུར་ཟའི་གྲུབ་འབྲས་ཀྱིས་ཁོ་མོ་རོའི་མི་དམངས་ཀྱི་འཚོ་བར་འགྱུར་ལྡོག་གཏིང་ཟབ་བཏང་ཡོད། དེང་གི་འཛམ་གླིང་ལ་འགྱུར་བ་དང་ཟང་ཟིང་སྣོལ་འདྲེས་སུ་ཐོན་མུས་ཡིན་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དར་སྤེལ་བཏང་གནང་བའི་བདག་དབང་ལ་བརྩི་འཇོག་དང་ནང་སྲིད་ལ་ཐེ་གཏོཊ་མི་བྱེད་པ། མཉམ་ལས་མཉམ་རྒྱལ་བཅས་ཀྱི་འདུ་ཤེས་ཀྱིས་ཁོ་མོ་རོ་ཚུད་པའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོཊ་རྒྱལ་ཁབ་ལ་སྐུལ་མ་ཐེབས་ཡོད། ཁོ་མོ་རོ་ཕྱོཊ་ཀྱིས་ཀྲུང་གོས་ཞི་བདེ་དང་དྲང་བདེན།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-15 6 6 拉萨日报藏文 c211888.html 1 ཞི་ཅིན་ཕིང་དང་ཁོ་མོ་རོའི་སྲིད་འཛིན་ཨ་ཀྲ་ལིས་ཀྲུང་གོ་དང་ཁོ་མོ་རོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ། /enpproperty-->