ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་13ཉིན་གྱི་སྔ་དྲོ།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་བཅོས་སྒྲིག་ལས་གྲྭའི་དུས་ཐེངས་གཉིས་པ་དང་གྲོང་ཁྱེར་གྱི་གློག་སྒྲོན་ལས་གྲྭའི་དུས་ཐེངས་གསུམ་པའི་སྐུལ་འདེད་གནས་ཚུལ་སྐོར་གྱི་སྙན་སེང་ལ་གསན་པ་དང་།རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།ཁོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་གྱི་ནུས་པ་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་གཏོང་བ་དང་།གྲོང་ཁྱེར་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ།དེ་བས་རྣམ་པ་ལྡན་པ་དང་།དེ་བས་གསོན་ཤུགས་ལྡན་པ།དེ་བས་འཚོ་སྡོད་དང་ལས་རིགས་ལ་འཚམ་པ་བཅས་ཀྱི་དེང་རབས་ཅན་གྱི་གྲོང་ཁྱེར་མགྱོགས་མྱུར་གཏོད་དགོས་པའི་ནན་གསུངས་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་།ཀྲའོ་ཧུའེ་ཉན།ཞུས་ཧའེ།ཀྲང་ཁྲུན་དབྱང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཚོགས་འདུའི་ཐོག ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་བཅོས་སྒྲིག་འདུ་འགོད་དང་གྲོང་ཁྱེར་གྱི་གློག་སྒྲོན་འདུ་འགོད་ནི་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བ་དང་།གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་གཏོང་བའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་རེད།རིམ་ཁག་འབྲེལ་ཡོད་ཚན་པ་ཁག་གིས་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་བཏང་ནས་ཕར་ཆིན་རྒྱག་པའི་སྙིང་རུས་ཆེ་རུ་གཏོང་བ་དང་།ལས་དོན་ཞིབ་ཚགས་ངང་ཡག་པོ་སྒྲུབ་པ།ཕྱོགས་ཡོངས་ནས་གྲོང་ཁྱེར་གྱི་རྣམ་པ་མཛེས་སུ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་གསར་པར་ལན་སྔར་བས་ཡག་པོ་རྒྱག་དགོས་པ་སྟེ།
ཚན་རིག་དང་མཐུན་པའི་གཅིག་གྱུར་འཆར་འགོད་བྱེད་དགོས་ཤིང་།གཞི་གཅིག་ཅན་གྱི་འཆར་འགོད་དང་།དུས་མཚམས་དབྱེ་ནས་ལག་བསྟར།སྟོང་ཆ་མ་ལུས་པར་འབྲེལ་མཐུད་བཅས་མཐའ་འཁྱོངས་བྱས་ཏེ་བར་མཐོངས་དང་།གཞི་ཁྱོན།ཐོན་ལས་བཅས་སྤྱི་འདོམས་ནུས་ལྡན་བྱས་ནས་ཐོན་སྐྱེད་དང་།འཚོ་བ།འབྱུང་ཁམས། ཚན་རིག་དང་མཐུན་པ་དང་ནུས་ཆེ་བཅས་ཀྱི་སྒོ་ནས་གྲོང་ཁྱེར་གྱི་ཆུ་རྒྱུད་དང་གློག་སྒྲོན་སོགས་ཀྱི་འདུ་འགོད་ལ་སྐུལ་འདེད་གཏོང་དགོས་པ།
ཇུས་འགོད་ལེགས་སུ་གཏོང་དགོས་ཤིང་།སྤུས་ལེགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་།མཛེས་ལྗོངས་ལེགས་གཏོང་དང་ནུས་པ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིགས་གང་ལེགས་བྱེད་པ།ཇུས་གཞི་དང་ཇུས་འགོད་ཞིབ་ཚགས་དང་ལེགས་སུ་གཏོང་བ།གྲོང་ཁྱེར་གྱི་བར་མཐོངས་ཞིབ་ཚགས་ངང་བཟོ་བ།ཞིབ་ཕྲའི་གནས་སུ་སྤུས་ཚད་མངོན་པ་བཅས་བྱས་ནས་མཛེས་དཔྱོད་ཀྱི་རང་བཞིན་དང་ནུས་པའི་རང་བཞིན་ཟུང་འབྲེལ་ནུས་ལྡན་ཐུབ་པར་བྱེད་དགོས་པ།
སྒྲིག་ཁྲིམས་ནན་སྲུང་བྱེད་དགོས་ཤིང་། སྤྱོད་གཙང་གི་མཐའ་ཚད་བརྟན་སྲུང་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས།ཨར་ལས་ཚན་པར་ལས་གྲྭའི་སྤུས་ཚད་ཀྱི་འགག་སྒོ་དང་བདེ་འཇགས་ཀྱི་འགག་སྒོ་ཡག་པོ་སྲུང་དགོས་པའི་ལྡོག་སྐུལ་བྱས་ཏེ་མི་དམངས་བློ་ཡིད་ཚིམ་པའི་སྤུས་ལེགས་ལས་གྲྭ་དང་།ཀུན་གསལ་ལས་གྲྭ།སྤྱོད་གཙང་ལས་གྲྭ་བཅས་ནུས་ཤུགས་ཡོད་རྒུས་གཏོད་དགོས་པའི་ནན་གསུངས་གནང་བ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社