分享按钮

རང་སྐྱོང་ལྗོངས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་པའི་ཚོགས་པ་འཛུགས་སྐྱོང་གི་ཆེད་དོན་བརྟག་ཞིབ་ཚོགས་ཆུང་ལྷ་སར་བསྐྱོད་དེ་བརྟག་ཞིབ་བཞུགས་མོལ་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་གཞོན་ནུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ།ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་པའི་ཚོགས་པ་འཛུགས་སྐྱོང་གི་ལས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྔར་བས་སྐུལ་འདེད་གཏོང་ཆེད། ཟླ་10ཚེས་24ཉིན། རང་སྐྱོང་ལྗོངས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་པའི་ཚོགས་པ་འཛུགས་སྐྱོང་གི་ཆེད་དོན་བརྟག་ཞིབ་ཚོགས་ཆུང་ལྷ་སར་བསྐྱོད་དེ་བརྟག་ཞིབ་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

གུང་གཞོན་སྡེ་ཚོགས་ལྗོངས་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་དབྱི་ཧྥུང་བརྟག་ཞིབ་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་བརྟག་ཞིབ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

བཞུགས་མོལ་ཚོགས་འདུའི་ཐོག གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱི་འགན་འཁུར་བས་གྲོང་ཁྱེར་ཡོངས་ཀྱི་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་པའི་ཚོགས་པ་འཛུགས་སྐྱོང་གི་ལས་དོན་གྱི་སྤྱིའི་གནས་ཚུལ་སྙན་སེང་ཞུས་པ་རེད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་གིས་ཚོགས་པ་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དང་། ཚོགས་པ་འཛུགས་སྐྱོང་གིས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ།ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྩ་འཛུགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-28 6 6 拉萨日报藏文 c210859.html 1 རང་སྐྱོང་ལྗོངས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་པའི་ཚོགས་པ་འཛུགས་སྐྱོང་གི་ཆེད་དོན་བརྟག་ཞིབ་ཚོགས་ཆུང་ལྷ་སར་བསྐྱོད་དེ་བརྟག་ཞིབ་བཞུགས་མོལ་ཚོགས་འདུ་འཚོགས་པ། /enpproperty-->