分享按钮

ལྷ་སར་རིན་མེད་ངང་སྐྱ་གྲིབ་གཤགས་བཅོས་བྱེད་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྐྱ་གྲིབ་ནི་རྒྱུན་མཐོང་གི་མིག་ནད་ཅིག་ཡིན་པ་དང་། དེས་ནད་པའི་མིག་རབ་རིབ་ཆགས་པ་དང་ཐ་ན་ལོང་བར་གྱུར་ནས། འཚོ་བར་དཀའ་ངལ་ངེས་ཅན་འཕྲད་ཀྱི་ཡོད། ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་རྒྱ་གྲམ་དམར་པོའི་ཚོགས་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་10ཚེས་27ཉིན་ནས་བཟུང་། 2025ལོའི་བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པའི་ཚོགས་པའི་དུས་ཐེངས་གཉིས་པའི་སྐྱ་གྲིབ་ཀྱི་རིན་མེད་བསྐྱར་མཐོང་གཤགས་བཅོས་ཀྱི་ལྷ་སའི་ས་ཚིགས་ཀྱི་བྱེད་སྒོ་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་དུ་དངོས་སུ་སྤེལ་འགོ་ཚུགས་ནས། ཆ་རྐྱེན་འཛོམས་པའི་ནད་པར་རིན་མེད་གྲལ་བཤེར་དང་གཤགས་བཅོས་བྱས་ཏེ། ནད་པར་སླར་ཡང་འཇིག་རྟེན་མཐོང་རྒྱུར་རོགས་རམ་བྱས་ཡོད།

ད་ཐེངས་ཀྱི་རིན་མེད་བསྐྱར་མཐོང་གཤགས་བཅོས་བྱེད་སྒོས་བཀོད་སྒྲིག་ཞིབ་ཚགས་བྱས་ནས་ནད་པ་གོ་རིམ་ལྡན་པའི་ངང་ཞུགས་ཐུབ་པར་བྱས་ཡོད། ཞིབ་ཕྲའི་བཀོད་སྒྲིག་གཤམ་གསལ་ལྟར་ཡིན་པ་སྟེ། ཐོག་མའི་གྲལ་བཤེར་བྱེད་པའི་དུས་ཚོད་ནི་ཟླ་10ཚེས་27ཉིན(གཟའ་ཟླ་བ)གྱི་སྔ་དྲོའི་ཆུ་ཚོད་9:30ནས་ཡིན་པ་དང་། ཟླ་10ཚེས་28ཉིན(གཟའ་མིག་དམར)གྱི་སྔ་དྲོ་ནས་གཤགས་བཅོས་བྱ་རྒྱུ་ཡིན་པ་དང་ཉིན་དེའི་ཕྱི་དྲོར་མུ་མཐུད་ནས་གྲལ་བཤེར་ལས་དོན་སྤེལ་རྒྱུ་རེད། དེ་བཞིན་ཟླ་10ཚེས་29ཉིན(གཟའ་ལྷག་པ)གྱི་སྔ་དྲོ་ནས་གཤགས་བཅོས་བྱ་རྒྱུ་ཡིན་པ་དང་། ཉིན་དེའི་ཕྱི་དྲོ་ནི་ད་ཐེངས་ཀྱི་བྱེད་སྒོའི་གྲལ་བཤེར་དུས་ཚོད་མཐའ་མ་དེ་རེད།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-28 6 6 拉萨日报藏文 c210857.html 1 ལྷ་སར་རིན་མེད་ངང་སྐྱ་གྲིབ་གཤགས་བཅོས་བྱེད་འགོ་ཚུགས་པ། /enpproperty-->