ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོཊ་ཀྱིས་གཙོ་གཉེར་བྱས་པའི་བདེ་སྐྱིད་ལྡན་པའི་ལྷ་ས། རིག་རྩལ་གར་སྟེགས་མཉམ་སྤྱོད་ཅེས་པའི་དབང་པོ་སྐྱོན་ཅན་གྱི་རིག་རྩལ་འཁྲབ་སྟོན་སྡེ་ཁུལ་དུ་སྤེལ་འགོ་ཚུཊ་ཤིང་། དེའི་དམིཊ་ཡུལ་ནི་རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོཊ་སུ་བཏང་ནས། སྤྱི་ཚོཊ་ཡོངས་ཀྱིས་དབང་པོ་སྐྱོན་ཅན་ལ་བསམ་ཤེས་དང་། བརྩི་འཇོག སེམས་ཁུར་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་ཆེད་ཡིན།
བྱེད་སྒོ་དེ་རྐྱང་གཞས《བདེ་སྐྱིད་གླིང》ཞེས་པའི་འགྱུར་ཁུག་ཁྲོད་འགོ་ཚུགས་ཤིང་། དེ་རྗེས་ཧ་ཧ་གཞས་མ་གཏམ་ཚོགས་པས་འཁྲབ་སྟོན་བྱས་པའི་གཞས་མ་གཏམ《དུས་རབས་ཀྱི་འགྱུར་ལྡོག》ཞེས་པ་དང་། ལོང་བའི་རོལ་ཆ་རུ་ཁག་གིས་འཁྲབ་སྟོན་བྱས་པའི་མི་རིགས་ཀྱི་ཉམས་འགྱུར《ཟླ་བའི་གཞོན་ནུ》ཞེས་པ་འཁྲབ་སྟོན་བྱས་པ་རེད། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社