ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཨུད་ཀྱིས་གཅིག་གྱུར་བཀོད་སྒྲིག་གནང་བ་གཞིར་བཟུང་། ཉིན་ཤས་གོང་། གྲོང་ཨུད་སྒྲོག་འགྲེལ་ཚོགས་པ་སྙེ་མོ་རྫོང་དུ་བསྐྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་དྲིལ་བསྒྲགས་བྱས་པ་རེད། སྙེ་མོ་རྫོང་གི་ལས་གནས་ཐོག་ཡོད་པའི་རྫོང་རིམ་པའི་འགོ་ཁྲིད་ཚང་མ་ཚོགས་འདུར་ཞུགས་པ་དང་། ཤང(གྲོང་རྡུལ)ཁག་དང་རྫོང(ཀྲུང་གོ)གི་ཐད་གཏོགས་ཚན་པའི་འགན་འཁུར་བ་གཙོ་བོ་དང་གཞི་རིམ་སྒྲོག་འགྲེལ་པའི་འཐུས་མི་སོགས་ཁྱོན་མི་70ལྷག་ཙམ་ཚོགས་འདུར་ཞུགས་ཡོད།
ད་ཐེངས་ཀྱི་སྒྲོག་འགྲེལ་ཁྲོད། གྲོང་ཨུད་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། གྲོང་ཨུད་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་སློབ་དཔྱོད་ཁང་གི་ཀྲུའུ་རེན་གཞོན་པ། མཐོ་རིམ་འཆད་ཁྲིད་དགེ་རྒན་ལིའུ་ཆིའུ་ཏུའོ་ཆེད་དོན་སྒྲོག་འགྲེལ་གནང་བར་གདན་འདྲེན་ཞུས་ཞིང་། ལིའུ་ཆིའུ་ཏུའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་དོན་སྙིང་གལ་ཆེན་དང་། ནང་དོན་གལ་ཆེན། དགོངས་དོན་གལ་ཆེན་བཅས་ཕྱོགས་གསུམ་ལ་དམིགས་ནས་གོ་བ་གཏིང་ཟབ་ལེན་པ་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། ལག་བསྟར་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐད་ཆེད་དོན་གསལ་འགྲེལ་བྱས་པ་རེད། དྲིལ་བསྒྲགས་སྙན་ཞུའི་ནང་དོན་ཕུན་སུམ་ཚོགས་པ་དང་། གསལ་འགྲེལ་དེ་ནི་གསོན་ཉམས་ལྡན་པ་དང་། བྱ་ཐབས་ཞིབ་ཕྲ་ཡིན་པ། དོན་དངོས་དང་ཟུང་འབྲེལ་བྱེད་པ་བཅས་ཀྱི་ཁྱད་ཆོད་ལྡན་ཡོད་པས་རིགས་པའི་གཞུང་ལུགས་ཟབ་ཚད་ཡོད་ལ་དོན་དངོས་དང་འབྲེལ་བ་དམ་ཟབ་ཡོད་པ་རེད།
དེ་རྗེས་སྙེ་མོ་རྫོང་གིས་ཏང་ཨུད(ཏང་ཙུའུ)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་དང་། ཆེད་དོན་བགྲོ་གླེང་ཚོགས་འདུ། ཏང་ཀྲེ་པུའི“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་གཞི་རྟེན་དུ་བྱས་ནས་བེད་སྤྱོད་ཡག་པོ་བྱེད་པ་དང་། ཏང་ཡོན་ལས་བྱེད་པ་རྣམས་སྒྲིག་འཛུགས་བྱས་ནས་ཇི་མ་ཇི་བཞིན་སློབ་པ་དང་། གཏིང་ཟབ་པའི་སྒོ་ནས་སློབ་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་པ་བཅས་བྱས་ཏེ་སྒྲོག་འགྲེལ་གྱི་དགོངས་དོན་དེ་ཚང་མས་ཁོང་དུ་ཆུད་པར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། དྲིལ་བསྒྲགས་སྨྱན་སྦྱོར་དང་སྟེགས་བུ་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ཏེ་འཆད་ཁྲིད་དང་། སྙན་ཞུའི་ཚོགས་འདུ། ཤེས་བྱའི་འགྲན་བསྡུར་སོགས་ཀྱི་བྱ་ཐབས་བརྒྱུད་ནས་དྲིལ་བསྒྲགས་ཀྱི་ཡིད་དབང་འགུག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་གཏོད་རྒྱུ་རེད། དེ་བཞིན་བདེ་འཁོད་དང་། འཕེལ་རྒྱས། འབྱུང་ཁམས། མཐའ་མཚམས་སྟོབས་ཆེར་གཏོང་བ་བཅས་དོན་ཆེན་བཞི་རྒྱུན་མཐུད་ངང་དམ་འཛིན་གང་ལེགས་བྱས་ཏེ་ལས་ཀའི་འགོ་ཚུགས་ས་དང་ཤུགས་རྒྱག་ས་ཡང་དག་བཙལ་ནས་གསུང་བཤད་ཀྱི་དགོངས་དོན་ཁྲོད་བཏོན་པའི་དམིགས་ཚད་དང་ལས་འགན་ཞིབ་ཕྲ་དེ་དབྱེ་འབྱེད་ཏན་ཏིག་བྱས་ཏེ་ཞིབ་ཕྲའི་ལས་དོན་ཁྲོད་ཁྱབ་པར་བྱ་རྒྱུ། སློབ་སྦྱོང་གི་གྲུབ་འབྲས་དེ་སྙེ་མོ་རྫོང་ཡུན་རིང་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་འགྱུར་བར་བྱ་རྒྱུ་རེད།
སྙེ་མོ་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་ཅུས་ཀྲང་ཆིའུ་ཐའོ་ཡིས་སྒྲོག་འགྲེལ་བྱེད་རིང་། དགེ་རྒན་གྱིས་སྙེ་མོ་རྫོང་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་གསོན་ཉམས་དོད་པའི་གྱོད་དཔེ་དང་གྲངས་གཞི་ཞིབ་ཕྲ་སྤྱད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་ང་ཚོའི་ལས་དོན་ལ་མཛུབ་ཁྲིད་གནང་བའི་དོན་སྙིང་གཏིང་ཟབ་པའི་སྒོ་ནས་རྒྱས་བཤད་བྱས་པས་གསུང་བཤད་གལ་ཆེན་དེ་དག་ནི་ང་ཚོའི་ལས་ཀ་དང་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པ་ང་ཚོར་ངོས་འཛིན་གཏིང་ཟབ་བྱུང་ཡོད། སྙེ་མོ་རྫོང་གི་ལས་བྱེད་པ་དང་ལས་བཟོ་བ་ཞིག་ཡིན་པའི་ངོས་ནས་ངས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་རང་གི་ལས་གནས་ལ་གཞི་ཚུགས་ཏེ་མང་ཚོགས་ལ་བྱ་བ་དངོས་བསྒྲུབ་རྒྱུ་དང་དཀའ་གནད་ཐག་གཅོད་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
སྙེ་མོ་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲང་ཡན་ཧྥུང་གིས་དགེ་རྒན་ལིའུ་ཆིའུ་ཏུའོ་ཡི་སྒྲོག་འགྲེལ་ལ་ཉན་པ་བརྒྱུད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་ཐུབ་པ་བྱུང་ལ། འགན་འཁྲི་ལྕི་ཞིང་ལས་འགན་ཕྲག་ཏུ་བབ་ཡོད་པ་ཡང་རྟོགས་བྱུང་། སླད་ཕྱིན་གྱི་ལས་དོན་ཁྲོད། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་རང་ཉིད་ཀྱི་ལས་ཀའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སྙེ་མོ་རྫོང་གི་བྱ་གཞག་ཧུར་ཐག་སྒྲུབ་པའི་ལས་དོན་ནང་ཧུར་ཐག་ཞུགས་རྒྱུ་ཡིན་ཞེས་བཤད་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社