(པར་ངོས་དང་པོར་མཐུད)ཞིབ་བསྡུར་བྱ་ཐབས་སྤྱོད་མཁས་པོ་བྱས་ཐོག་ཚིག་སྐམ་པོའི་སྤྱི་མཚན་འདི་ཉིད་དོན་སྤྱིའི་གཟུགས་ཅན་དང་ཞིབ་ཕྲ་ཅན་དུ་འགྱུར་བར་བྱས་ཡོད།
ཐོག་མར་ཁྲིད་སྟེགས་ཐོག་གི་ངོ་ཚ་ནས་ད་ཆ་སློབ་མའི་སྣེ་ཁྲིད་དེ་ཚན་རིག་ཤེས་བྱ་འཚོལ་ཞིབ་བྱེད་པའི་བར་ཁོང་གིས་ཐོག་མཐའ་བར་གསུམ་དུ་ཚན་རིག་ཤེས་བྱའི་སྣེ་ཁྲིད་མཁན་ཞིག་བྱེད་བཞིན་ཡོད། སློབ་ཁྲིད་ཐོག་ཁོང་གིས་སློབ་མས་རྩི་ཤིང་སྐྱེ་ཚུལ་གྱི་ཤེས་བྱ་ཟིན་ཐོར་འགོད་རྒྱུར་མཛུབ་ཁྲིད་བྱེད་པ་དང་། སློབ་ཁྲིད་ཞིབ་འཇུག་བྱེད་སྒོའི་ནང་ཁོང་གིས་སློབ་ཁྲིད་ཀྱི་མྱོང་ཚོར་སྦ་གསང་སྤུ་ཙམ་ཡང་མེད་པའི་སྒོ་ནས་མཉམ་སྤྱོད་བྱེད་པ་དང་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་བློ་བཟང་ཚེ་འཕེལ་གྱིས་ཐོག་མཐའ་བར་གསུམ་དུ་ཚན་རིག་སློབ་གསོའི་འཐབ་ས་དང་པོར་གཞི་ཚུགས་ཏེ་སློབ་སྦྱོང་ལ་འབད་བརྩོན་དང་དངོས་ཐོག་བདེན་འཚོལ་གྱིས་གསར་གཏོད་བྱེད་པའི་རྣམ་འགྱུར་ཐོག་ནས་ཁུ་སིམ་མེར་བརྟན་སྲུང་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་དམ་བཅའ་ལག་ལེན་བསྟར་བཞིན་ཡོད།
བློ་བཟང་ཚེ་འཕེལ་གྱིས་ཆུང་དུས་སུ་ནང་མིས་མི་གཞན་འཚར་ལོངས་ཡོང་བར་རོགས་རམ་བྱེད་པའི་ལས་ཀ་ནི་དོན་སྙིང་ཆེ་ཤོས་ལྡན་པ་ཞིག་རེད་ཅེས་བརྗོད་ཀྱི་ཡོད། སློབ་གྲྭར་འགྲོ་དུས་འཕྲད་པའི་རྒན་ལགས་ཀྱིས་ང་ལ་ཤེས་བྱ་བསླབ་པར་མ་ཟད། ལྷག་པར་དུ་ངང་རྒྱུད་རིང་པོས་ང་ལ་སྐུལ་མ་བཏང་ནས་སློབ་གསོ་ནི་མ་རིག་མུན་སེལ་གྱི་སྒྲོལ་མེ་ལྟ་བུ་ཞིག་ཡིན་པ་ཤེས་སུ་བཅུག་བྱུང་། སྐབས་དེར་ངའི་སེམས་ནང་མ་འོངས་པར་རང་ཉིད་ཀྱང་མི་འདི་འདྲ་ཞིག་ཏུ་འགྱུར་བར་བྱ་རྒྱུའི་ཆོད་སེམས་བཅངས་པ་ཡིན།
ཁོང་གི་སློབ་ཁྲིད་ཐོག་ཚན་རིག་ནི་རང་ཉིད་དང་བར་ཐག་རིང་ཞིང་རྟོགས་དཀའ་བ་ཞིག་མིན་པར་ཕྲུ་གུ་ཚོས་ཚེ་སྲོག་གི་ངོ་མཚར་ཟིན་ཐོར་འགོད་ཅིང་།རང་ཉིད་སྐུ་ངོ་མས་བཟོས་པའི་རླུང་ཕྱོགས་སྟོན་རྟགས་ཀྱང་རླུང་བུའི་ཁྲོད་འགུལ་བཞིན་མཆིས། སློབ་ཁྲིད་ཀྱི་སྐད་ཅིག་མ་དེ་དག་ནི་ཁོང་གིས་སློབ་མའི་ཚན་རིག་གི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྗོད་བྱ་ཡིན། ཁོང་གིས་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་སློབ་མར་དྲོ་སྐྱིད་སྦྱིན་པ་དང་། སེམས་ནུས་ཡོད་རྒུས་སློབ་མའི་འཚར་ལོངས་ལ་དོ་ཁུར་བྱེད་པ། ངང་རྒྱུད་རིང་པོས་སློབ་མའི་སློབ་སྦྱོང་དང་འཚོ་བའི་ཁྲོད་ཀྱི་དཀའ་གནད་ལ་ཉན་པ་དང་འབྲེལ་བློ་སྒོ་འབྱེད་པ་བཅས་བྱེད་ཀྱིན་ཡོད། ཁོང་གིས་ལྷག་བསམ་ཟོལ་མེད་དང་། ཁས་ལེན། བརྩེ་སེམས་བཅས་ཀྱི་ཐོག་ནས་སློབ་མའི་ཡིད་ཆེས་ཐོབ་པར་བྱས་ཏེ་སློབ་མའི་དགེ་རྒན་དང་གྲོགས་པོ་བཟང་པོར་གྱུར་ཡོད།
སློབ་གྲྭའི་ཚན་རིག་རིག་ཚན་གྱི་རྐང་འཛིན་དགེ་རྒན་ཞིག་ཡིན་པའི་བློ་བཟང་ཚེ་འཕེལ་གྱིས་སློབ་ཁྲིད་ལ་ཐོག་མཐའ་བར་གསུམ་དུ་གུས་བཀུར་དང་བརྩོན་ཞིབ་ཀྱི་བསམ་པ་བཅངས་ཡོད། 2023ལོར་ཁོང་ལ་ལྷ་ས་གྲོང་ཁྱེར་གྱི་སྐབས་གསུམ་པའི་སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་སློབ་ཁྲིད་རྩལ་ནུས་འགྲན་བསྡུར་ཆེན་མོའི་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། 2024ལོར་མལ་གྲོ་གུང་དཀར་རྫོང་སྐབས་བཅུ་གསུམ་པའི་སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་སློབ་ཁྲིད་དང་རྩལ་ནུས་འགྲན་བསྡུར་ཆེན་མོའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་ཅིང་། འཇོན་ཐང་དངོས་ལ་བརྟེན་ནས་སློབ་ཁྲིད་ཀྱི་རྨང་གཞི་བརྟན་པོ་དང་གསར་གཏོད་སློབ་ཁྲིད་ཀྱི་བསམ་ཕྱོགས་མངོན་པར་བྱས་ཡོད།
ལས་རོགས་ཀྱིས་རྒན་བློ་བཟང་ཚེ་འཕེལ་ལགས་ཀྱིས་སྤྱི་མཚན་དུ་གྱུར་པའི་བསམ་བློའི་གནས་ལུགས་དེ་ང་ཚོས་གོ་ཐུབ་པ་དང་སྤྱོད་ཐུབ་པར་འགྱུར་བར་བྱེད་ཀྱི་ཡོད། བསམ་བློ་ཆབ་སྲིད་ལས་དོན་གྱི་བླང་བྱ་གསར་པའི་ཁྲོད་ཁོང་གིས་རྟག་ཏུ་རང་འགུལ་ངང་བྱ་ཐབས་གསར་པ་སློབ་སྦྱོང་བྱེད་པ་ལས་ཉམས་མྱོང་རྙིང་པ་ཁོ་ནར་བརྟེན་ནས་སྡོད་ཀྱི་མེད། དགེ་རྒན་ཁོང་འདྲ་བ་དང་མཉམ་དུ་ལས་ཀ་བྱ་རྒྱུ་བྱུང་བ་ནི་ཚང་མའི་གཟི་བརྗིད་ཡིན་ཞེས་བཤད།
བློ་བཟང་ཚེ་འཕེལ་གྱིས་ད་རེས་ཕུལ་བྱུང་དགེ་རྒན་ལ་བདམས་ཐོན་བྱུང་བ་ནི་ང་ལ་ཐོག་མར་བསམ་བློ་འཁོར་བ་ནི་ངས་སྒྲུབ་ཐུབ་པ་དེ་མིན་པར་གཟི་བརྗིད་མཚན་སྙན་དེ་ཉེ་འགྲམ་གྱི་མི་གཞན་ལ་དབང་བ་དེ་ཡིན། ཁས་ལེན་དེ་ནི“ལག་རྒྱུག”དང་འདྲ་བས་ང་ལ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཁྲིད་ཀྱི་ལས་དོན་ཏན་ཏིག་སྒྲུབ་དགོས་པའི་དྲན་སྐུལ་བྱས་པ་རེད། འབྱུང་འགྱུར་ཉི་མ་ལྕང་ར་ཤང་ལྟེ་བའི་སློབ་ཆུང་ཇེ་ལེགས་སུ་འགྲོ་ངེས་ཡིན་པ་དང་མལ་གྲོ་གུང་དཀར་རྫོང་གི་སློབ་གསོར་གྲུབ་འབྲས་དེ་བས་ཡག་པོ་ཐོབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད། ངས་འདི་གར་མུ་མཐུད་འབད་བརྩོན་ལྷོད་མེད་བྱས་ཏེ་ཡིད་ཆེས་དང་རེ་སྒུག་ཆུད་ཟོས་སུ་མི་གཏོང་བ་བྱ་རྒྱུ་ཡིན་ཞེས་བཤད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社