分享按钮

གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོས་རྒྱལ་ཁབ་ཆེན་པོའི་མིག་རྒྱང་རིང་པོ་དང་འགན་འཁྲི་འཁུར་སེམས་མངོན་པ།

ཀྲུང་གོ་དང་ཐོ་ཀོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨ་པོ་ལ་བཅར་འདྲི་ཞུས་པ།

ཐོ་ཀོ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི།ཐོ་ཀོའི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེན་མོ་བ་ཟུར་པ་ཡའོ་པུའུ་ལུའུ་ཨ་ཨ་པོ་ཡིས་ཉིན་ཤས་གོང་ཐོ་ཀོའི་རྒྱལ་ས་ལོ་མེ་རུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས།ཁོང་གིས་གསུངས་དོན།ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོས་དེ་བས་དྲང་གཞག་དང་། ཞི་བདེ། བསྟུན་མཁས་བཅས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་བསྐྲུན་རྒྱུར་འདུ་ཤེས་གསར་པ་དང་།སྒུལ་ཤུགས་གསར་པ་བསྣན་ཡོད། དེ་ནི་དུས་རབས་21པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་བསམ་བློའི་རྩ་འཛིན་གལ་ཆེན་ཞིག་ཡིན་པ་དེའི་ཐོག་ནས་འགན་འཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོའི་མིག་རྒྱང་རིང་པོ་དང་།འགན་འཁྲི་འཁུར་སེམས་མངོན་ཡོད།

ཨ་པོ་ཡིས་གསུངས་དོན།ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོས་དྲང་གཞག་དང་ཞི་བདེ་དོན་གཉེར་རྒྱུན་མཐུད་བྱས་ཡོད། “བདག་དབང་འདྲ་མཉམ་ལག་བསྟར་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་བརྩི་སྲུང་། ཕྱོགས་མང་རིང་ལུགས་ལག་བསྟར། མི་རྩ་བར་འཛིན་རྒྱུ་དར་སྤེལ། བྱ་སྤྱོད་ཀྱི་སྟོན་ཕྱོགས་ལ་སྣང་ཆེན”བཅས་ཀྱི་ཐོག་ནས་གསར་གཏོད་རང་བཞིན་ལྡན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་མདུན་ལམ་མངོན་ཡོད།

ཨ་པོ་ཡིས་གསུངས་དོན།གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོས་ཆབ་སྲིད་བརྟན་པོ་དང་། དཔལ་འབྱོར་དར་རྒྱས། སྤྱི་ཚོགས་གཞུང་དྲང་བཅས་དང་ཁོར་ཡུག་རྒྱུན་མཐུད་འཕེལ་རྒྱས་བཅས་ཟུང་འབྲེལ་ནུས་ལྡན་བྱས་ཏེ་མིག་སྔའི་རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་ཐར་ཐོར་ཅན་དང་དོ་སྙོམས་མེད་པ་སོགས་ཀྱི་དངོས་ཡོད་གནད་དོན་ལ་ལན་བརྒྱབ་ཡོད། ས་འབྲེལ་ཆབ་སྲིད་ཁ་ཕྲལ་དང་། དཔལ་འབྱོར་ཉམས་ཉེན་ཡང་ཡང་ཐོན་པ། ལག་རྩལ་འཕོ་འགྱུར་མགྱོགས་སུ་འགྲོ་བ། གནམ་གཤིས་ཀྱི་འགྲན་སློང་ཆེ་རུ་འགྲོ་བ་བཅས་ཀྱི་རྒྱབ་ལྗོངས་འོག་གྲོས་འགོ་དེས་རྒྱལ་ཁབ་ཁག་དབར་གྱི་ཡིད་ཆེས་བསྐྱར་སྐྲུན་ལ་གྲུབ་ཆའི་རང་བཞིན་གྱི་སྒྲོམ་གཞི་མཁོ་འདོན་བྱས་ཡོད།

ཨ་པོ་ཡིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོས་རྒྱལ་སྤྱིའི་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱོད་གོ་ཆོད་པའི་བསམ་ཕྱོགས་དང་ཐབས་ལམ་མཁོ་འདོན་བྱས་པ་དང་།རྒྱལ་སྤྱིའི་དངུལ་རྩའི་སྒྲོམ་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་གཏམ་བཤད་དབང་ཆ་ཆེ་རུ་གཏོང་བ་སོགས་ཀྱི་ཞིབ་ཕྲའི་བྱ་ཐབས་མང་པོ་བཏོན་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཀྲུང་གོའི་འགན་འཁྲི་འཁུར་སེམས་དང་དངོས་སྒྲུབ་ཀྱི་སྙིང་སྟོབས་མངོན་པའི་ངོས་འཛིན་གནང་གི་ཡོད་པ་རེད།

ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་གྲོས་འགོའི་ཁྲོད་ནས་ཐོབ་པའི་བློ་སྒོ་འབྱེད་པ་དང་གོ་སྐབས་སྐོར་གླེང་སྐབས།ཨ་པོ་ཡིས་གསུངས་དོན།གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོས་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་དང་སྐད་ཆ་ཤོད་རེས་ལ་མཐོང་ཆེན་བྱས་ཏེ།འདྲ་མཉམ་དང་ཕན་ཚུན་ཡིད་ཆེས་ཀྱི་རོགས་ཟླའི་འབྲེལ་བར་ནན་བཤད་བྱས་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རང་བརྟེན་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་།གོ་ལ་ཧྲིལ་པོའི་ལས་དོན་ནང་ཧུར་ཐག་ཞུགས་རྒྱུར་དངོས་ཡོད་ཀྱི་སྒྲོམ་གཞི་མཁོ་འདོན་བྱས་ཡོད། གྲོས་འགོ་དེའི་ནང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་པའི་ལུགས་མཐུན་གྱི་རེ་ཞུར་ཁས་ལེན་བྱས་པ་དེས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་འཐབ་ཇུས་རང་བརྟེན་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་ལྡན་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད།

ཨ་པོ་ཡིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོར་མཚན་ཉིད་རིག་པ་དང་ལག་ལེན་རང་བཞིན་གཉིས་ཀ་ལྡན་ཡོད། དེས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ཁ་ཕྱོགས་རྒྱས་བཤད་བྱས་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ལ་བཀོལ་སྤྱོད་ཆོག་པའི་ཐབས་ལམ་མཁོ་འདོན་བྱས་ཡོད་པས།རྒྱལ་སྤྱིའི་སྒྲིག་ལམ་བསྐྱར་སྐྲུན་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། དེའི་རིན་ཐང་རྒྱལ་མཚམས་ལས་བརྒལ་བས་འཛམ་གླིང་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་ལག་ལེན་བསྟར་རིན་ཡོད་པའི་ངོས་འཛིན་གནང་གི་ཡོད་པ་རེད།

(ཤིན་ཧྭ་གསར་འགྱུར་ཁང་ལོ་མེ་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང)(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-09 ཀྲུང་གོ་དང་ཐོ་ཀོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨ་པོ་ལ་བཅར་འདྲི་ཞུས་པ། 6 6 拉萨日报藏文 c210187.html 1 གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོས་རྒྱལ་ཁབ་ཆེན་པོའི་མིག་རྒྱང་རིང་པོ་དང་འགན་འཁྲི་འཁུར་སེམས་མངོན་པ། /enpproperty-->