(པར་ངོས་དང་པོར་མཐུད)གཙང་སྦྲ་དོད་པའི་རྐང་ལམ་དང་ཐལ་རྡུལ་མེད་པའི་སྤྲོ་གསེང་རྐུབ་སྟེགས་ཀྱིས་འཆམ་འཆམ་ལ་ཡོང་བའི་གྲོང་མི་རྣམས་ལ་བདེ་སྐྱིད་ཀྱི་ཚོར་བ་ཞིག་སྟེར་གྱི་ཡོད། རྫོང་རྒྱབ་ཀླུ་ཁང་དུ་སྤྲོ་འཆམ་བྱེད་བཞིན་ཡོད་པའི་མི་ཚོགས་ཀྱི་ཁྲོད་དུ། ཁོར་ཡུག་འཕྲོད་བསྟེན་གྱི་ལས་དོན་པའི་གཟུགས་བརྙན་ཧ་ཅང་མངོན་གསལ་ཡིན་པ་སྟེ། ཁོང་ཚོའི་ལ་ལའི་ལག་ཏུ་ཕྱགས་མ་བཟུང་ནས་རྐང་ཐང་ལམ་གྱི་ལོ་མ་གཙང་འཕྱག་བྱེད་བཞིན་ཡོད་པ་དང་། ལ་ལས་གཙང་འཕྱག་རླངས་འཁོར་ཆུང་གྲས་བཏང་ནས་སྤང་ཐང་གི་མཐའ་དང་མེ་ཏོག་སྟེགས་བུའི་ཟུར་དུ་གཙང་སྦྲ་བྱེད་བཞིན་ཡོད།
བོད་ལྗོངས་པོ་རུའེ་ཁོར་ཡུག་འཕྲོད་བསྟེན་ཞབས་ཞུ་ཚད་ཡོད་ཀུང་སིའི་གནའ་གྲོང་312ཀྱི་དྲ་མིག་དཔོན་ཨ་ཉི་ཡིས་རྫོང་རྒྱབ་ཀླུ་ཁང་དུ་རྒྱུན་དུ་མི་མང་པོ་ཡོད་ཅིང་། དུས་ཆེན་རིང་ཡུལ་སྐོར་བ་དེ་བས་མང་དུ་ཕྱིན་པར་བརྟེན་ཁོང་ཚོས་དེ་སྔའི་ཁོར་ཡུག་འཕྲོད་བསྟེན་གྱི་ལས་དོན་པའི་རྨང་གཞིའི་ཐོག་ལས་བཟོ་པ་6གསར་སྣོན་བྱས་པར་མ་ཟད། ད་དུང་ལས་སྒྲུབ་དུས་ཚོད་ཞོགས་པའི་ཆུ་ཚོད་6པ་ནས་དགོང་མོའི་ཆུ་ཚོད་10པ་བར་ལེགས་སྒྲིག་བྱས་ནས་ཉིན་གང་བར་མི་ཆད་པར་གཙང་བཤེར་བྱ་རྒྱུའི་འགན་ལེན་བྱས་ཡོད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社