ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ལྗོངས་འཕེལ་རྒྱས་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་དང་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གསོ་སྐྱོང་ཞབས་ཞུ་ལྟེ་གནས་གཉིས་ཀྱིས་ཏང་འཛུགས་སྐྱོང་མནའ་འབྲེལ་གྱི་མིང་རྟགས་འགོད་པའི་མཛད་སྒོ་དང་སྤྱི་ཕན་ཞལ་འདེབས་ཀྱི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་དེ་བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་། གུང་ཁྲན་ཏང་གི་རྗེས་སུ་བགྲངས་ན་བདེ་སྐྱིད་ཡོང་ངེས་ཡིན་པ་གཙོ་དོན་དུ་བྱས་ཏེ་ཏང་རྩ་འཛུགས་མཉམ་སྐྲུན་དང་། ཐོན་ཁུངས་མཉམ་སྤྱོད། བྱེད་སྒོ་མཉམ་འབྲེལ་བཅས་བྱས་པ་བརྒྱུད་ཏང་འཛུགས་སྐྱོང་དང་སྤྱི་ཕན་བྱ་གཞག་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་ཞེས་པ་ལག་ལེན་དུ་བསྟར་ནས་ཏང་དང་སྤྱི་ཚོགས་ཀྱི་དྲོ་སྐྱིད་བརྒྱུད་སྤྲོད་བྱ་རྒྱུ་རེད།
ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གསོ་སྐྱོང་ཞབས་ཞུ་ལྟེ་གནས་ལ་རིན་ཐང་སྒོར་ཁྲི་3རི་བའི་སྒྲ་སྙན་10དང་རི་མོའི་དངོས་ཟོག་ཁག་གཅིག་ཞལ་འདེབས་སུ་ཕུལ་ནས་དབང་པོ་སྐྱོན་ཅན་གྱི་སྒྱུ་རྩལ་སླར་གསོ་དང་བསམ་པའི་རིག་གནས་མཐོ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། དངོས་ཟོག་དེ་དག་གིས་གསོ་སྐྱོང་བྱ་ཡུལ་ལ་འཇིག་རྟེན་ཤེས་རྟོགས་དང་ཤེས་བྱར་སློབ་སྦྱོང་བྱེད་པའི་སྒེའུ་ཁུང་གསར་པ་ཕྱེས་པར་མ་ཟད། ལྟེ་གནས་དེའི་དབང་པོ་སྐྱོན་ཅན་གྱི་བདེ་སྐྱིད་འཚོ་བར་གསོན་ཤུགས་ཀྱང་བསྣན་ཡོད།
དེ་རྗེས་ཕྱོགས་གཉིས་པོས་ཐུན་མོང་ཐོག་ཏང་འཛུགས་སྐྱོང་མནའ་འབྲེལ་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཅིང་། རྩ་འཛུགས་འཛུགས་སྐྱོང་དང་། སྤྱི་ཕན་བྱེད་སྒོ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་སོགས་ཀྱི་ཐད་མཉམ་ལས་གཏིང་ཟབ་བྱས་ཏེ་ཏང་འཛུགས་སྐྱོང་དང་སྤྱི་ཕན་གྱི་རྣམ་པ་གསར་པ་ཐུན་མོང་ཐོག་འཚོལ་ཞིབ་བྱས་ནས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུའི་ཁ་ཆད་བྱས་པ་རེད། བོད་ལྗོངས་འཕེལ་རྒྱས་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེ་མོ་བ་ཞའོ་ཐུང་ཐིང་གིས་ཉེ་དུས་ཏག་ཏག་བོད་ལྗོངས་འཕེལ་རྒྱས་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱི་ཏང་ཀྲི་པུའུ་བཙུགས་ཤིང་། ང་ཚོས་གོ་སྐབས་དེ་དང་བསྟུན་ནས་ཡུལ་དེ་གའི་དབང་པོ་སྐྱོན་ཅན་གསོ་སྐྱོང་ཞབས་ཞུ་ལྟེ་གནས་ལ་ཞལ་འདེབས་རབ་དང་རིམ་པ་ཕུལ་ཡོད་ཅེས་བཤད།
ཐེངས་འདིའི་ཏང་འཛུགས་སྐྱོང་མནའ་འབྲེལ་དང་སྤྱི་ཕན་ཞལ་འདེབས་ཀྱི་བྱེད་སྒོ་ནི་ལྷ་སའི་སྤྱི་ཚོགས་རྩ་འཛུགས་དང་གཞི་རིམ་སྡེ་ཚན་གཉིས་ཀྱིས་ལག་གདང་སྦྲེལ་ནས་ཐུན་མོང་འཛུགས་སྐྲུན་དང་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་གི་གཅེས་སྐྱོང་དང་རྒྱབ་སྐྱོར་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་བགྲོད་ལམ་སྔར་བས་རྒྱ་ཆེ་རུ་འགྲོ་ངེས་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社