分享按钮

དབྱིན་ཁྲའོ་ཡི་པར་རིས་འགྲེམས་སྟོན་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་27ཉིན། ཀྲུང་གོའི་དེང་རབས་པར་ལེན་སྒྱུ་རྩལ་མཁས་ཅན་དབྱིན་ཁྲའོ་ཡི་བོད་ལྗོངས་ཀྱི་བརྗོད་དོན་མཚོན་པའི་མི་སྒེར་གྱི་འགྲེམས་སྟོན་ལྷ་སའི་རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་སུ་འགོ་ཚུགས་ཡོད། འགོ་ཚུགས་མཛད་སྒོའི་ཐོག་དབྱི་ཁྲའོ་ཡིས་འགྲེམས་སྟོན་དེར་བོད་དང“ལོ་བཅུའི་ཁ་ཆད”ཅེས་བརྗོད་པ་དང་། བོད་ལྗོངས་ཀྱིས་ཁོང་ལ་ཡུན་རིང་གསར་རྩོམ་གྱི་རིག་པ་ཐོལ་སྐྱེས་བསྩལ་པའི་བཀའ་དྲིན་ཚོར་བར་མ་ཟད། བརྩམས་ཆོས་ཀྱིས་ཕྱི་རོལ་ཡུལ་གྱི་འཆར་ཡན་ལ་འགྱུར་བ་བཏང་ནས་གསོན་ཤུགས་ཀྱིས་ཁེངས་པའི་དེང་རབས་ཀྱི་བོད་ལྗོངས་མངོན་རྒྱུའི་རེ་སྒུག་དེ་བས་བྱེད་ཀྱི་ཡོད།

དབྱིན་ཁྲའོ་ནི་བོད་ལ་བརྩེ་དུང་ཟབ་མོ་ལྡན་པའི་སྒྱུ་རྩལ་མཁས་ཅན་ཞིག་ཡིན་པ་དང་། ཁོང་གིས་ལོ་བཅུ་ལྷག་ཙམ་རིང་བོད་ཀྱི་བརྗོད་དོན་གཙོ་བོའི་ནང་དོན་གསར་རྩོམ་བྱས་ཡོད། ད་ཐེངས་ཀྱི་འགྲེམས་སྟོན་གྱི་དམིགས་ཡུལ་ནི་དབྱིན་ཁྲའོ་ཡིས་ལོ་བཅུའི་རིང་བསགས་པའི་བརྙན་པར་བརྩམས་ཆོས་བརྒྱུད་ནས་ལས་རིགས་མི་འདྲ་བ་དང་ཐོབ་ཐང་མི་འདྲ་བའི་བོད་མི་དམངས་ཀྱི་ཡར་ངོའི་ཟླ་ལྟར་འཕེལ་བའི་གསར་གཏོད་ཀྱི་ནུས་པ་དང་ཚེ་སྲོག་གི་སྤྲོ་སེམས་མངོན་པར་བྱ་རྒྱུ་དེ་རེད།

ཤེས་རྟོཊ་བྱུང་བར་གཞིཊ་ན། འགྲེམས་སྟོན་དེ་2026ལོའི་ཟླ་1ཚེས་17ཉིན་བར་རྒྱུན་མཐུད་དེ་རིན་མེད་ངང་སྤྱི་དམངས་ལ་སྒོ་འབྱེད་རྒྱུ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-29 6 6 拉萨日报藏文 c209378.html 1 དབྱིན་ཁྲའོ་ཡི་པར་རིས་འགྲེམས་སྟོན་འགོ་ཚུགས་པ། /enpproperty-->