分享按钮

རིག་གནས་བློ་གསར་གླིང་གི་གཉིས་བཀུར་སྤྱི་གླིང་ནང་།

དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་ཟབ་མོ་མངོན་པ།

པར་①③ནི་རིག་གནས་བློ་གསར་གླིང་གི་གཉིས་བཀུར་སྤྱི་གླིང་གི་ཟུར་ཅིག་ཡིན། པར་②ནི་རིག་གནས་བློ་གསར་གླིང་གི་གཉིས་བཀུར་སྤྱི་གླིང་གི་རླུང་ཁམས་ཆེན་མོའི་རྒྱལ་སྒོའི་མཚོན་རྟགས་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རིག་གནས་བློ་གསར་གླིང་གི་གཉིས་བཀུར་སྤྱི་གླིང་གི་སྒོ་བྱང་དངོས་སུ་བཀལ་བ་ལས་ལྷ་སར་གསར་བརྗེའི་སློབ་གསོ་དང་། སྤྲོ་གསེང་མཉམ་འགུལ། དམག་དམངས་སྤེལ་རེས་བཅས་གཞི་གཅིག་ཏུ་འདུས་པའི་ས་ཆ་གསར་པ་ཞིག་བསྣན་པ་མཚོན་ཡོད། གཉིས་བཀུར་སྤྱི་གླིང་དེ་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ཁུལ་གྱི་འཛུལ་སྒོ་དང་ལྷོ་སྐོར་ལམ་གྱི་མ་ལམ་འབྲེལ་མཚམས་ཀྱི་ལྷོ་ནུབ་མཚམས་སུ་གནས་ཤིང་། ད་ཡོད་ཀྱི་སྔོ་ལྗང་ཁུལ་གྱི་འབྱུང་ཁམས་ཀྱི་རྨང་གཞི་སོར་འཇོག་གང་ལེགས་བྱས་པའི་རྨང་གཞིའི་ཐོག་ཕྱོགས་ཡོངས་ཀྱི་ནུས་པ་རིམ་སྤོར་དང་མཛེས་ལྗོངས་ལེགས་སུ་བཏང་ཡོད།

སྤྱི་གླིང་དུ་སྐྱོད་སྐབས།རླུང་ཁམས་ཆེན་མོའི་རྒྱལ་སྒོའི་མཚོན་རྟགས་ཐོག་མར་མིག་ལམ་དུ་འཆར་བ་དང་སྟབས་བདེའི་ཇུས་འགོད་ཁྲོད་དམག་དམངས་ཀྱི་གཞི་རྒྱུ་འདྲེས་ནས་གཉིས་བཀུར་གྱི་བརྗོད་དོན་གཙོ་བོ་གསལ་སྟོན་བྱས་ཡོད། ལམ་བུ་དེ་བརྒྱུད་ནས་མདུན་ཕྱོགས་སུ་སྐྱོད་སྐབས་འཆར་འགོད་ཞིབ་ཚགས་བྱས་པའི་རིག་གནས་གྱང་ནི་དེ་བས་མངོན་གསལ་དོད་པོ་ཡོད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-29 རིག་གནས་བློ་གསར་གླིང་གི་གཉིས་བཀུར་སྤྱི་གླིང་ནང་། 6 6 拉萨日报藏文 c209370.html 1 དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་ཟབ་མོ་མངོན་པ། /enpproperty-->