ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་26ཉིན།རང་གྲོང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་གྱི“ཉིན་བརྒྱའི་ནང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་རྟོག་ཞིབ་ཆེན་མོ་བྱེད་པའི”གྲུབ་འབྲས་སྤེལ་རེས་ཚོགས་འདུ་དང་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་བརྙན་ལམ་ཐོག་ནས་འཚོགས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཏིང་ཁྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།དེ་བཞིན་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འབྲེལ་ཡོད་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། གྲོང་ཨུད་རྩ་འཛུགས་པུའི《མངགས་གཏོང་ཚན་པས་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་འགན་འཁྲི་སྔར་བས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》ཞེས་པར་ཞིབ་འཇུག་དང་གྲོས་བསྡུར་གནང་བ་རེད།
ཀྲང་ཏིང་ཁྲེང་གིས་གྲོང་ཁྱེར་ཡོངས་ཀྱི་ཁག་བཅུ་བཞི་པའི་ལས་བྱེད་པའི་གྲོང་ཚོར་བཅའ་སྡོད་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་།ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེམས་ལ་གཏིང་ཟབ་ཟུག་པ། དམངས་ལ་བྱ་བ་དངོས་སྒྲུབ་པར་ཕན་འབྲས་བཟང་པོ་ཐོན་པ། མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད་ཅེས་གསུངས་པ་རེད།
ཀྲང་ཏིང་ཁྲེང་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས་དུས་རབས་གསར་པའི་ལས་བྱེད་པའི་གྲོང་ཚོར་བཅའ་སྡོད་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་གཏོང་དགོས། གཙོ་གནད་ལས་འགན་ལ་དམིགས་པ་དང་ལས་ཀའི་བྱ་ཐབས་ཞིབ་ཚགས་སུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་མུ་མཐུད་ནས་ཤུགས་སྣོན་བརྒྱབ་སྟེ།གྲོང་ཚོར་བཅའ་སྡོད་ལས་དོན་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དུ་གཏོང་བ། འགན་ལེན་བྱ་ཐབས་དོན་འཁྱོལ་བཅས་བྱས་ཏེ།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社