རང་རྒྱལ་གྱི་ཀྲུང་གོའི་ཚད་ལྡན་རིག་ནུས་གྲོང་ཁོངས་ཀྱི་མེ་འཁོར་ཐོག་མ་སྟེ་ཅིང་ཞུང་མྱུར་བགྲོད་མེ་འཁོར་ཆིང་ཏའོ་རུ་བཏོན་པ།
ཟླ་9ཚེས་18ཉིན། ཀྲུང་གོ་ཀྲུང་ཁྲེ་ཀུང་སིས་རང་བརྟེན་ཞིབ་བཟོ་བྱས་པ་དང་རང་བརྟེན་ཤེས་བྱའི་བདག་དབང་ཆ་ཚང་ལྡན་པའི་ཀྲུང་གོའི་ཚད་ལྡན་རིག་ནུས་གྲོང་ཁོངས་མེ་འཁོར་དང་པོ་སྟེ་ཅིང་ཞུང་མྱུར་བགྲོད་མེ་འཁོར་ཆིང་ཏའོ་རུ་བཏོན་པ་རེད། མེ་འཁོར་དེས་ཀྲུང་གོའི་ཚད་གཞིའི་མ་ལག་བསྐྲུན་པ་དང་འགག་རྩའི་ལྟེ་བའི་ལག་རྩལ་ཕྱོགས་ཡོངས་ནས་རང་བརྟེན་ཅན་དུ་གྱུར་ནས་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་200ཡི་GPAརིམ་པ་4ཡི་རང་འགུལ་འཁོར་སྐྱོད་ནུས་པ་ལྡན་ཡོད། དེ་དང་ཆབས་ཅིག་ཏུ་ལག་རྩལ་གཙོ་བོ་བཅུ་ལྷག་ཙམ་གསར་གཏོད་བྱས་ནས་རིག་ནུས་ཅན་དང་། བདེ་འཇགས་རང་བཞིན། སྐྱིད་སྣང་དོད་ཚད། ནུས་རྒྱུ་གྲོན་ཆུང་། བེད་སྤྱོད་བྱེད་བདེ་བ་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་རིམ་སྤོར་ཐུབ་པར་བྱས་ཡོད། པར་འདི་ནི་ཟླ་9ཚེས་18ཉིན་མི་རྣམས་ཀྱིས་ཀྲུང་གོ་ལྕགས་ལམ་ཆིང་ཏའོ་འཛམ་གླིང་དངོས་མང་སྟོན་ཚོགས་གྲོང་དུ་རིག་ནུས་གྲོང་ཁོངས་མེ་འཁོར་ལ་ལྟ་སྐོར་བྱེད་བཞིན་པའི་རྣམ་པ་ཡིན། (ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ) (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)