分享按钮

ཝང་ཆང་གིས་བར་སྐོར་གནའ་གྲོང་སྲུང་སྐྱོང་དང་རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་གི་ལས་དོན་ལ་བརྟག་ཞིབ་གནང་སྐབས།

འཆར་འགོད་ཚན་རིག་དང་མཐུན་པ་དང་།འཕེལ་རིམ་མགྱོགས་སུ་གཏོང་བ།སྤུས་ཚད་ཉམས་སད་ཐེག་ཐུབ་པ་བཅས་བྱས་ནས་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐུབ་པའི་བདེ་འཇགས་ཀྱི་ལས་གྲྭ་དང་། སྤུས་ལེགས་ཀྱི་ལས་གྲྭ། ལས་གྲྭ་རྩེ་གྲ་བཅས་གཏོད་དགོས་པའི་ནན་གསུངས་གནང་བ།

ཟླ་9ཚེས་18ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་བར་སྐོར་གནའ་གྲོང་དུ་ཕེབས་ནས་གནའ་གྲོང་སྲུང་སྐྱོང་དང་རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་གི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། པར་འདི་ནི་བརྟག་ཞིབ་གནང་ཡུལ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་18ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་བར་སྐོར་གནའ་གྲོང་དུ་ཕེབས་ནས་གནའ་གྲོང་སྲུང་སྐྱོང་དང་རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་གི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

ཝང་ཆང་གིས་བར་སྐོར་ཁྲོམ་གཞུང་དུ་ཕེབས་ཞོར་དང་གཟིགས་ཞོར་དུ་ཡུལ་དངོས་སུ་དམངས་བདེ་ཉེན་རྟོག་ཞབས་ཞུའི་ས་ཚིགས་གནས་སྤོ་དང་། གྲོང་ཁྱེར་སྒྱུར་བཀོད། གནའ་བོའི་བཟོ་སྐྲུན་གྱི་སྒོ་ར་རྙིང་པ་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་དང་། ལས་གྲྭའི་འཆར་འགོད་དང་ཨར་སྐྲུན་གྱི་འཕེལ་རིམ་སྙན་སེང་ལ་གསན་ནས་ཡུལ་དངོས་སུ་གཞུང་དོན་བསྒྲུབས་ནས་ལས་དོན་ཁྲོད་འཕྲད་པའི་དཀའ་ངལ་སེལ་རོགས་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། འཆར་འགོད་ཚན་རིག་དང་མཐུན་དགོས་ཤིང་། དེ་ཡང་ཨར་ལས་གྲ་སྒྲིག་ཡག་པོ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཨར་ལས་ཀྱི་ཇུས་གཞི་དང་། བརྒྱུད་རིམ། དུས་མཚམས་བཅས་ལེགས་སུ་བཏང་ནས་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་དང་འགྲོ་སྐྱོད་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། གནའ་གྲོང་གི་སྔོ་འགྱུར་ལ་ཇུས་འགོད་ཞིབ་ཚགས་དང་སྤུས་ལེགས་ཡོང་བར་བྱས་ཏེ་གྲོང་ཁྱེར་སྒྱུར་བཀོད་དང་མཐའ་འཁོར་གྱི་ཁོར་ཡུག་དང་ཁྲོམ་གཞུང་མཉམ་འདྲེས་དམ་ཟབ་བྱས་ནས། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-20 ཝང་ཆང་གིས་བར་སྐོར་གནའ་གྲོང་སྲུང་སྐྱོང་དང་རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་གི་ལས་དོན་ལ་བརྟག་ཞིབ་གནང་སྐབས། 6 6 拉萨日报藏文 c208708.html 1 འཆར་འགོད་ཚན་རིག་དང་མཐུན་པ་དང་།འཕེལ་རིམ་མགྱོགས་སུ་གཏོང་བ།སྤུས་ཚད་ཉམས་སད་ཐེག་ཐུབ་པ་བཅས་བྱས་ནས་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐུབ་པའི་བདེ་འཇགས་ཀྱི་ལས་གྲྭ་དང་། སྤུས་ལེགས་ཀྱི་ལས་གྲྭ། ལས་གྲྭ་རྩེ་གྲ་བཅས་གཏོད་དགོས་པའི་ནན་གསུངས་གནང་བ། /enpproperty-->