分享按钮

རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་གི་མེ་འཁོར་ གྱི་སྤ་སེ་འཚོང་འགོ་ཚུགས་པ།

ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་འགྲུལ་པའི་འགྲོ་སྐྱོད་ལ་འགན་ལེན་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་ངལ་གསོ་མཉམ་དུ་འཁེལ་བས་ངལ་གསོ་དུས་ཡུན་ཉིན་8ཡོད་པ་དང་། དེའི་རིང་ཡུལ་སྐོར་དང་། གཉེན་འཕྲད་སོགས་འགྲུལ་པ་ཕར་འགྲོ་ཚུར་འོང་བྱེད་མཁན་ཧ་ཅང་མང་བའི་དུས་ལའང་སླེབས་ཡོད། ཉིན་ཤས་གོང་། གསར་འགོད་པར་ལྷ་སའི་མེ་འཁོར་འབབ་ཚུགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། “ལྕགས་ལམ་གྱི་12306”ཐོག་ནས་ཟླ་10ཚེས་1ཉིན་གྱི་མེ་འཁོར་སྤ་སེ་འཚོང་འགོ་ཚུགས་པ་རེད།

འགྲུལ་པའི་གུང་གསེང་རིང་གི་འགྲོ་སྐྱོད་ཀྱི་དགོས་མཁོ་སྐོང་ཆེད། ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་སྐྱེལ་འདྲེན་ཐད་ཀྱི་སྒྲིག་འཛུགས་ཇུས་གཞི་ཞིབ་ཚགས་ངང་བཟོས་པ་དང་། དུས་ཐོག་ཏུ་སྐྱེལ་འདྲེན་གྱི་ནུས་ཤུགས་མང་དུ་བཏང་བ། སྤ་སེ་འཚོང་བའི་ཐབས་ཇུས་དང་ཞབས་ཞུའི་བྱེད་ཐབས་ལེགས་སུ་བཏང་བ་བཅས་བྱས་ནས་འགྲུལ་པས་སྤ་སེ་ཉོ་རྒྱུར་སྟབས་བདེ་བསྐྲུན་པ་དང་འགྲོ་སྐྱོད་བདེ་བླག་ཡོང་བའི་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་ཏུ་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་དང་མེ་ཏོག་ཆུང་ཆུང་གི་གཞོན་ནུའི་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས། རྒན་རྒོན་དང་། བྱིས་པ། ནད་པ། དབང་པོ་སྐྱོན་ཅན། སྦྲུམ་མ་བཅས་ལ་གཅིག་གཏད་གཅིག་གི་རོགས་སྐྱོར་བྱས་ཏེ། རང་འགུལ་ངང་ཁྲིད་སྟོན་དང་། བློ་འདྲི། རྡོག་ཁྲེས་དབོར་འདྲེན་སོགས་ཀྱི་སྙིང་ཉེ་བའི་ཞབས་ཞུ་བྱེད་བཞིན་ཡོད།

ཟླ་10ཚེས་1ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་ལྕགས་ལམ་འགྲུལ་སྐྱེལ་ཕྱོགས་ཡོངས་ནས་གློག་རྡུལ་འཛིན་ཤོག་སྤྱོད་འགོ་འཛུགས་རྒྱུ་ཡིན་པ་རེད། ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་རྒན་རྒོན་དང་དྲ་སྦྲེལ་བྱེད་མི་ཐུབ་པའི་མི་ཚོགས་ལ་དམིགས་ནས་མི་ཐབས་ལ་བརྟེན་ནས་སྤ་སེ་འཚོང་བའི་སྐར་ཁུང་དང་དངུལ་སྨར་སྤྲོད་སྟངས་སྔར་བཞིན་སོར་འཇོག་བྱས་པར་མ་ཟད། ལས་དོན་པ་དང་དེ་བཞིན་དང་བླངས་པ་བཀོད་སྒྲིག་བྱས་ནས་ཡུལ་དངོས་སུ་ཁྲིད་སྟོན་དང་བློ་འདྲིའི་ཞབས་ཞུ་སྒྲུབ་བཞིན་ཡོད། དུས་ཆེན་རིང་ཐོན་སྲིད་པའི་གནམ་གཤིས་ངན་པ་དང་གློ་བུར་དུ་འགྲུལ་རྒྱུན་མང་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་ཉེན་ཁར་སྔ་སྣུར་དུ་བརྡར་ཤ་གཅོད་པ་དང་། འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་ཐག་གཅོད་ཀྱི་བརྒྱུད་རིམ་ལེགས་སུ་གཏོང་བ་བཅས་བྱེད་བཞིན་ཡོད་པ་རེད།

ལྕགས་ལམ་ཚན་པས་རྒྱ་ཆེའི་འགྲུལ་པར་དྲན་སྐུལ་ཞུ་རྒྱུར། “ལྕགས་ལམ་གྱི་12306”དྲ་ཚིགས(ལག་ཐོགས་ཁ་པར་གྱི་དུད་སྣེ་ཚུད་པ)ནི་ཀྲུང་གོའི་ལྕགས་ལམ་གྱི་གཞུང་ཕྱོགས་ཀྱི་མེ་འཁོར་སྤ་སེ་དྲ་ཐོག་ནས་འཚོང་བའི་ལས་སྟེགས་གཅིག་པུ་དེ་ཡིན་པ་དང་། ཕྱོགས་གསུམ་པའི་སྒྲིག་གཞི་གང་རུང་དང་མཉམ་ལས་བྱེད་མྱོང་མེད་ལ། སྤ་སེ་ཉོ་མགྱོགས་སུ་གཏོང་བའི་ཁུག་མ་དང་ཚོགས་མིས་སྤ་སེ་སྔོན་ལ་ཉོ་ཆོག་པ་སོགས་ཀྱི་ཟུར་སྣོན་ཞབས་ཞུ་མཁོ་འདོན་དང་རྒྱབ་སྐྱོར་ཡང་བྱེད་མྱོང་མེད། འགྲུལ་པས་ངེས་པར་དུ་ལྕགས་ལམ་གྱི་གཞུང་ཕྱོགས་ཐབས་ལམ་བརྒྱུད་ནས་སྤ་སེ་ཉོ་དགོས་པ་སྟེ། “ལྕགས་ལམ་12306”གི་གཞུང་ཕྱོགས་དྲ་ཚིཊ(www.12306.cn)དང་། “ལྕགས་ལམ་གྱི་12306”ལག་ཐོགས་ཁ་པར་ཐོག་གི་APPསྤྱད་ནས་སྤ་སེ་ཉོ་དགོས།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-20 ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་འགྲུལ་པའི་འགྲོ་སྐྱོད་ལ་འགན་ལེན་བྱས་པ། 6 6 拉萨日报藏文 c208707.html 1 རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་གི་མེ་འཁོར་ གྱི་སྤ་སེ་འཚོང་འགོ་ཚུགས་པ། /enpproperty-->