(པར་ངོས་དང་པོར་མཐུད)ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་འོག ཉེ་བའི་ལོ་ཤས་རིང་བོད་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་། ཁྱིམ་གྱི་སྒོ་འགྲམ་དུ་ལམ་བཟོས་པས། ཕྲུ་གུ་སློབ་གྲྭར་འགྲོ་བར་སྟབས་བདེ་པོ་ཡོད་ལ། སྨན་པ་བསྟེན་རྒྱུར་ཡང་སེམས་ཁྲལ་མེད། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ་བོད་ཀྱི་འཕེལ་རྒྱས་དེ་བས་ལེགས་པ་དང་མི་སེར་གྱི་འཚོ་བ་ཡང་ཉིན་རེ་བཞིན་ཡག་ཏུ་འགྲོ་ངེས་རེད་ཅེས་བཤད།
ཉིན་ཤས་གོང་། གྲོང་ཁྱེར་དམངས་སྲིད་ཅུས་དང་། ཀྲུང་གོའི་ལྷ་ས་SOSབྱིས་པའི་གྲོང་ཚོ་དང་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་བཅས་ཀྱིས་སློབ་སྦྱོང་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་རེད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེ་མཐོ་གཟིགས་འོག་བསྐྱངས་དང་། དགོངས་པ་གཏིང་ཟབ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྒུལ་ཤུགས་ཆེན་པོ་བསྣན་པ་དང་འབད་འབུངས་ཀྱི་ཁ་ཕྱོགས་ལ་ཁྲིད་སྟོན་གནང་ཡོད།
ཚེས་22ཉིན། གསར་འགོད་པ་ལྷ་སའི་ལྟེ་བའི་དཔེ་གྲོང་དུ་སྐྱོད་སྐབས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་ཞེས་པའི་སྦྱར་ཡིག་ཧ་ཅང་མངོན་གསལ་དོད་པོ་འདུག དཔེ་སྒྲོམ་གྱི་མདུན་དུ་ཀློག་པ་པོ་ཚོས་དཔེ་དེབ་ལྟ་ཀློག་བྱེད་པ་དང་སྐབས་རེ་སྐད་ཤུགས་ཆུང་ངུས་སྤེལ་རེས་བྱེད་ཀྱི་ཡོད་པས་མཁའ་རླུང་ཁྲོད་དཔེ་དེབ་ཀྱི་དྲི་ཞིམ་དང་ལྷིང་འཇགས་ཀྱི་རྣམ་པས་ཁེངས་ཡོད། བོད་ཀྱི་ལོ་རྒྱུས་རིག་གནས་ཆེད་ཁུལ་དུ་གྲོང་མི་མི་ཉུང་བ་ཞིག་གིས་ཚད་ལྡན་ཡིག་ཆ་དང་དཔེ་དེབ་ཁྲོད་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་དྲན་བྱས་ཤིང་། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་མཐོ་རིམ་ལོ་རིམ་གསུམ་པའི་སློབ་མ་བསྟན་འཛིན་ལྷ་མོས་ངས་ཚང་མ་དང་མཉམ་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་འོད་སྟོང་འཕྲོ་བའི་དུས་འདིར་སེམས་འགུལ་ཚད་མེད་ཐེབས་པ་དང་མདུན་སྐྱོད་ཀྱི་དད་སེམས་ཀྱང་དེ་བས་བརྟན་དུ་ཕྱིན་སོང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ངས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མཉམ་འཛུགས་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་ཆེད་ལང་ཚོ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社